ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་མཛད་པའི《བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ》།
༄༅།།ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་མཛད་པའི《བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ》།
རྩོམ་པ་པོ།:ཆ་རིས་སྐལ་བཟང་ཐོགས་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-09 09:17:54
ཀློག་གྲངས།:
《བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ》ཞེས་པའི་སློབ་དེབ་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་མཛད་གནང་ཞིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། ཁོང་གིས་རྒྱ་བོད་ཡིག་ཚང་ཁག་ལ་དཔྱད་ཞིབ་དང་། ལྷག་པར་དུ་ཉེ་དུས་ཀྱི་ལོ་རྒྱུས་མཁན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ། སློབ་དཔོན་རིན་པོ་ཆེ་དམུ་དགེ་བསམ་གཏན་མཆོག་གི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ། དེབ་ཐེར་ཀུན་གསལ་མེ་ལོང་། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་སོགས་ལོ་རྒྱུས་ཀྱི་ཡིག་རིགས་དག་གཞིར་བཟུང་ཐོག དཔྱད་གཞིག་གི་ཐབས་ལམ་གཙོ་བོར་བཅངས་ནས་མཛད་པ་ཞིག་ཡིན། འདིའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་དོན་གནད་འགག་མ་ལུས་པ་ཉུང་ངུའི་ཚིག་གི་ལམ་ནས་སྟོན་ཡོད་པས་ན། ལོ་རྒྱུས་ལ་འཇུག་པར་སྤྲོ་བའི་ཀློག་པ་པོ་རྣམས་ལ་བོད་ཀྱི་དུས་རིམ་ཁག་གི་འགག་ཆེའི་གནད་དོན་ཁག་ལ་ཤིན་ཏུ་སྟབས་བདེ་བའི་ངང་ནས་རྒྱུས་མངའ་ལོན་ཐུབ་པའི་ཁྱད་ཆོས་ལྡན་ཡོད།
འབྲེལ་ཡོད་འོས་སྦྱོར།
- ༄༅།།《བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང》(པོད་སུམ་ཅུ)།
- ༄༅༎《བོད་ཀྱི་སྲོལ་རྒྱུན་རིག་གནས་ན་ཆུང་ཤེས་བྱའི་དཔེ་ཚོགས》(དེབ་བཅུ)
- ༄༅།།《ནུབ་ཕྱོགས་ཡིག་སྒྱུར་ལོ་རྒྱུས་བསྡུས་མ》ཞེས་པའི་དཔེ་དེབ་འོས་ས
- ༄༅།།《ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་དངུལ་དཀར་མེ་ལོང
- ༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་བྱ་འགུལ་སྤེལ་
- ༄༅།།《གསེར་ཧོར་ཤུལ་ཡུལ་གྱི་ལོ་རྒྱུས་རིག་གནས་སྙིང་བཏུས》དཔར་དུ་བསྐ
- ༄༅།།ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《སློབ་ཆེན་སློབ་མའི་ང
- ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཁྲོད་སྒྲུང་གཏམ་ལེགས་བསྡུས》(སྟོད
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号