ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།བསམ་བློ་བ་རུ་སུ་མཆོག་གིས་མཛད་པའི་བོད་འགྱུར་དཔེ་དེབ《མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་གླེང་བ》།
༄༅།།བསམ་བློ་བ་རུ་སུ་མཆོག་གིས་མཛད་པའི་བོད་འགྱུར་དཔེ་དེབ《མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་གླེང་བ》།
རྩོམ་པ་པོ།:རུ་སུ།
ཡོང་ཁུངས།:ཀན་སུའུ་མི་རིགས་དཔེ་སྐྲྭན་ཁང་།
དུས་ཚོད།:2020-05-27 10:52:54
ཀློག་གྲངས།:

གསུང་རྩོམ་དེ་ཉིད་ཚན་པ་གསུམ་དུ་བཀར་ནས་བྲིས་གནང་ཡོད་ཅིང་ཆ་ཤས་དང་པོ་དང་། ཆ་ཤས་གཉིས་པ། མཆན་འགྲེལ་དང་གསུམ་མོ།།
ཆ་ཤས་དང་པོའི་ནང་དུ་གཙོ་བོ་རང་བྱུང་གི་གནས་སྟངས་ཁྲོད་ཀྱི་གདོད་མའི་མིའི་བདེ་སྐྱིད་ཀྱི་འཚོ་བ་ཞིབ་འབྲི་གནང་བ་དང་། ཆ་ཤས་གཉིས་པའི་ནང་དུ་ཁོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཇི་ལྟར་མེད་པར་འགྱུར་ཚུལ་བཀོད་ཡོད། མཆན་འགྲེལ་ནང་དུ་གོང་གི་ཆ་ཤས་དང་པོ་དང་། ཆ་ཤས་གཉིས་པའི་ནང་གི་ནང་དོན་འགའ་རེར་རྩོམ་པ་པོས་སླར་ཡང་དེ་ལ་མཆན་འགོད་དང་། དེ་འབྲེལ་གྱི་ནང་དོན་ཁ་གསབ་གནང་ཡོད།
ཁོང་གི་གསུང་རྩོམ་འདིར། མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་དེ་ཉིད“མི”ཉིད་ཐོག་གི་གོང་འཕེལ་སྟེང་ནས་དཔྱད་ཞིབ་གསེད་བཀྲོལ་གནང་བས། སྐབས་དེར་གནམ་བདག་ཆོས་ལུགས་ཀྱིས་ཡོད་ཚད“འཇིག་རྟེན་བྱེད་པོས”བསྐྲུན་པའི་རིག་གནས་མཁའ་དབུགས་ཁྲོད་ན་ཇི་འདྲའི་དཔའ་སེམས་དང་ལྡན་པ་ཞིག་ཞིག་ཏུའང་མཐོང་།
གསུང་རྩོམ་དེར་ཧོབ་ཀྱིས་བལྟས་ན་རྩོམ་པ་པོས་མི་རྣམས་རང་བྱུང་གི་གནས་སྟངས་ཁྲོད་དུ་གནས་དགོས་པ་ལས། སྤྱི་ཚོགས་ཀྱི་གནས་སྟངས་ཁྲོད་དུ་གནས་མི་རུང་བ་ལྟ་བུར་ཡོད་རུང་། གསུང་རྩོམ་ལ་ཞིབ་ཀྱིས་མཇལ་ན། རུ་སུ་མཆོག་གིས་མི་རྣམས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བཞིན་ཡོད་པ་ནི། ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པ་མཁྱེན་ཡོད་ལ། རང་བྱུང་གི་གནས་སྟངས་ཁྲོད་དུ་གནས་ན་མི་རྣམས་ཀྱི་བློ་གྲོས་འདོན་སྤེལ་མི་ཐུབ་ཚུལ་ཡང་གསལ་པོར་མཁྱེན་གྱི་ཡོད།
དེས་ན། ཁོང་གིས་གསུང་རྩོམ་ཁྲོད་དུ་ཐེར་འདོན་གནང་ཡུལ་ནི། མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་གོང་འཕེལ་དེ་ནི་ཡང་དག་མ་ཡིན་པའི་ཕྱོགས་སུ་འཕེལ་གྱི་ཡོད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དེའང་ཕྱུག་བདག་དང་དབང་འཛིན་པ་ཚོའི་ཁེ་ཕན་ཆེད་དུ་གནས་པ་ཞིག་ལས། མི་སྤྱིའི་འཕེལ་རྒྱས་ལ་ཕན་ཐོགས་མེད་ཚུལ་སོགས་ཀྱི་ལྟ་བ། ཕྲ་ཞིང་ཞིབ་པའི་རིགས་པས་ཁུངས་སྐྱེལ་ར་སྤྲོད་གནང་ཡོད་པས། གསུང་རྩོམ་འདིའི་ནང་ནས་རྩོམ་པ་པོའི་ཤེས་རབ་ཀྱི་རྣོ་ངར་མྱོང་ཐུབ་ལ། དུས་རབས་ཀྱི་འཕར་རྩ་དང་ཤེས་ཡོན་པའི་ཞུམ་མེད་ཀྱི་དཔའ་སྟོབས་ཤིག་ཀྱང་ངང་ངམ་ཤུགས་སུ་ཐོན་ཡོད་པས། ཀློག་པ་པོས་གསུང་རྩོམ་དེ་ཉིད་ཞིབ་པར་གཟིགས་ན་ཤེས་ཐུབ་བོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།