ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།《བོད་ཀྱི་མངོན་བརྗོད་བསྡུས་འགྲེལ་གསར་བསྒྲིགས》པར་དུ་བསྐྲུན།
༄༅།།《བོད་ཀྱི་མངོན་བརྗོད་བསྡུས་འགྲེལ་གསར་བསྒྲིགས》པར་དུ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-05-21 17:45:19
ཀློག་གྲངས།:

སྐབས་འདིར་བོད་ཀྱི་མངོན་བརྗོད་ཀྱི་ཐ་སྙད་ཡུན་རིང་དུ་གནས་ཐབས་དང་སྲུང་འཛིན་བྱེད་པ། རྒྱ་ཆེའི་ཀློག་པ་པོས་མངོན་བརྗོད་ཀྱི་མིང་གིས་བཅིངས་པའི་བོད་ཀྱི་གནའ་རྩོམ་སློབ་སྦྱོང་བྱེད་སླ་བ་དང་ནང་དོན་ལེགས་པར་རྟོགས་པའི་ཆེད་དུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཀྲུང་ལིན་ལགས་ཀྱིས་སྒྲིག་རྩོམ་བྱས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《བོད་ཀྱི་མངོན་བརྗོད་བསྡུས་འགྲེལ་གསར་བསྒྲིགས》ཞེས་པ་ད་ལྟ་དངོས་སུ་སྤྱི་ཚོགས་སོ་སོར་འགྲེམ་སྤེལ་བྱས་ཡོད་པ་དང་། དེབ་ཀྱི་ནང་དོན་དང་སྒྲིག་རིམ་ཐད་བོད་རྒྱ་ཤན་སྦྱར་གྱིས་མིང་ཚིག་དང་མིང་ཚིག་སོ་སོའི་མངོན་བརྗོད། གྲངས་ཚིག་དང་གྲངས་ཚིག་སོ་སོའི་མངོན་བརྗོད། བོད་ཟླ་དང་བོད་ཟླ་སོ་སོའི་མངོན་བརྗོད། བོད་ཟླའི་ཚེས་གྲངས་དང་ཚེས་གྲངས་སོ་སོའི་མངོན་བརྗོད་བཅས་ཆ་ཤས་བཞི་རུ་ཕྱེས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།