༄༅།།《བདེ་སྨོན་ཕྱོགས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-04-24 09:25:09
ཀློག་གྲངས།:

དེབ་འདི་ནི་ར་སྐོར་ལྷ་རྗེ་འབར་ཆུང་སྒྲོལ་མ་ཚེ་རིང་ངམ་ཡོངས་གྲགས་ལ་ར་སྐོར་སྨན་པ་ཞུ་བ་ཁོང་གིས་ནོར་བུའི་ནོར་ཉམས་ཤེས་པའི་སྒོ་ནས་ཁྲོ་རུ་མཁན་ཆེན་ཚེ་རྣམ་དང་། ར་སྐོར་མཁན་ཆེན་ཐུབ་ནོར། སྐྱབས་རྗེ་གཟན་དཀར་རིན་པོ་ཆེ། པེ་ཝར་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་བཀའ་སློབ་འཛུབ་སྟོན་གནང་བའི་འོག དཀའ་ངལ་ཁྱད་བསད་ཀྱིས་རིས་མེད་སྐྱེས་བུས་མཛད་པའི་བདེ་སྨོན་རྩ་འབྲེལ་གང་མང་ཞིག་བསྡུས་པའི་རྨང་གཞིའི་ཐོག འོད་མདོ་རྒྱ་ནག་ནས་འགྱུར་བ་སོགས་ཆོས་ཚན་བཅུ་ཕྲག་གསུམ་གསར་དུ་བསྣན་ཏེ། བསྐྱར་ཞུས་དང་འབྲེལ་བ་སྔོན་མའི་འགྲོས་ལྟར་རྩ་འབྲེལ་གཉིས་སྟོད་སྨད་གཉིས་སུ་ཕྱེས་ཡོད་དེ། པོད་དང་པོ་བདེ་སྨོན་རྩ་བའི་སྐོར་ལ་རྒྱལ་བའི་བཀར་གཏོགས་པའི་འོད་མདོ་དང་། ཞིང་བཀོད། བདེ་སྨོན་བཅས་གཙོ་བོར་བྱས་པའི་ཆོས་ཚན156། པོད་གཉིས་པ་འགྲེལ་བའི་སྐོར་ལ་སྤྱིར་ཆགས་མེད་བདེ་སྨོན་ལ་འགྲེལ་བ་མང་དུ་བཉུགས་ནའང་། ཁམས་ཕྱོགས་གཙོ་བོར་གྱུར་བའི་ས་གནས་སོ་སོ་ན་ཞིང་སྒྲུབ་འཛུགས་མཁན་མང་པོ་ཡོད་པ་དང་། དུས་ཡུན་ལ་བསྟུན་ནས་བདེ་སྨོན་དང་འབྲེལ་བའི་ཞིང་ཁྲིད་ཀྱང་གནང་བཞིན་ཡོད་པ་དག་ལ་ལག་ལེན་བདེ་བའི་ཆེད་རྒྱས་པ་གླག་བླ་ཆོས་འགྲུབ་ཀྱིས་མཛད་པ་དང་། འབྲིང་པ་བོད་པ་སྤྲུལ་སྐུས་མཛད་པ།བསྡུས་པ་ཟུར་མང་པད་རྣམ་གྱིས་མཛད་པ་གསུམ་གཙོ་བོར་བཀོད་ཡོད། གཞན་གནམ་ཆོས་བདེ་འགྲེལ་དང་། རྗེ་རིན་པོ་ཆེའི་བདེ་འགྲེལ།ཆགས་མེད་རིན་པོ་ཆེའི་རྣམ་ཐར་སོགས་འབྲེལ་ཡོད་ཀྱི་ཉི་ཤུ་རྩ་གཉིས་བསྡུས་ནས་དཔར་ཐེངས་བཞི་བ་འདི་གྲུབ་པ་ལགས་སོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།