༄༅།།སློབ་མར་མཁོ་བའི་དེབ་ཆུང་གཉིས་འགྲེམ་སྤེལ་བྱེད་ལ་ཉེ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ལྗགས་མདའ། དུས་ཚོད།:2020-04-22 09:28:03 ཀློག་གྲངས།:
《 སློབ་ཆུང་སློབ་མའི་བློ་འཛིན་བྱིས་པའི་མགུལ་རྒྱན》དང《 ས་པཎ་དག་སྡེབ་ཀྱི་རྩ་འགྲེལ་བྱིས་པ་འཇུག་པའི་སྒོ 》ཞེས་པའི་དེབ་ཆུང་འདི་གཉིས་མི་འགྱངས་པར་ཀུན་ལ་སྤྱན་བསྟར་བྱ་རྒྱུ་ལགས་ན། གཟིགས་མཐོང་གནང་བའི་རེ་བ་ཞུ།
ས་སྐྱ་པཎ་ཆེན་ལགས་ཀྱི《དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ》ནི་ལོ་ངོ་བརྒྱ་ཕྲག་དུ་མའི་སྔ་རོལ་ནས་བརྩམས་པ་ཞིག་ཡིན་ལགས་ཀྱང་། ད་ལྟའི་ཆར། སློབ་ཆུང་ལོ་རིམ་གསུམ་པ་དང་བཞི་བའི་བོད་སྐད་ཡིག་བསླབ་དེབ་ཏུ་ཆ་ཤས་དུམ་བུར་བགོས་ཏེ་དག་ཡིག་གི་འཁྲུལ་སྤོང་ཁོལ་དུ་ཕྱུང་བ་ལས་གཞན་དག་མེད།  དེབ་གང་གི་ཕྲད་དང་རྣམ་དབྱེའི་ས་བཅད་ལེན་སྟངས་དེ་དེང་རབས་བོད་སྐད་ཡིག་སློབ་ཁྲིད་རྩ་འཛིན་གྱི་དགོངས་དོན་དང་ཡོངས་སུ་མཐུན་པར་མ་ཟད། གོ་སླ་ལ་གཟུང་བདེ་བ། མང་ཉུང་རན་པ་སོགས་ཁྱད་ཆོས་དུ་མས་ཕྱུག་ཅིང་བརྒྱན། ཕྲན་གྱིས་ལོ་ཆུང་བྱིས་པ་རྣམས་ཀྱི་ལོ་ན་དང་། རིག་སྟོབས། བསམ་པའི་འཁྱེར་སོ་སོགས་ལ་བསྟུན་པའི་བསམ་བློས་ཐོག་དྲངས། སློབ་མའི་དྲིས་ལན་གནད་བཟུང་། དེ་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་འགྲེལ་བ་ཞིག་འབྲི་བའི་ཁུལ་བགྱིས། དེ་མིན་ལོ་རིམ་ལྔ་བ་དང་དྲུག་པའི་སྐད་ཡིག་བསླབ་དེབ་ཏུ་འཁོད་ཅིང་སྒར་གྲོང་ཀུན་ལ་ཤིན་ཏུ་གྲགས་ཆེ་བའི་དག་ཡིག་མཁས་པ་དག་སྐྱེད་ཀྱི་རྩ་བ་དང་ཁོང་མཛད་པ་བོའི་ཞེ་འདོད་དང་བསྟུན་པའི་ཐང་སར་ཨ་ཁུ་ཆོས་འཕེལ་ཞུ་བའི་རྩ་འགྲེལ་ཡང་ཟུར་དུ་བཀོད་དེ་སྟབས་བདེ་བར་བྱས་ཡོད།
《སློབ་ཆུང་སློབ་མའི་བློ་འཛིན་བྱིས་པའི་མགུལ་རྒྱན》ཞེས་པའི་རབ་བྱེད་ལྔའི་བདག་ཉིད་ཅན་འདི་སློབ་ཆུང་སློབ་མའི་ཡིད་འཛིན་དང་དྲན་པ།  བློ་རིག་དང་ཤེས་བརྩོན། ནུས་པ་དང་འཇོན་ཐང་སོགས་ཕྱིས་འབྱུང་ལ་ཕན་འདོད་ཀུན་ནས་བསླངས་ཏེ་ཡུལ་རིགས་དང་གྲུབ་མཐའི་ཕྱོགས་སུ་མ་ལྷུང་བར་སྒར་གྲོང་གཉིས་ཀའི་མཁས་པ་དང་སློབ་གསོ་བ། ཤེས་ལྡན་པ། དགེ་རྒན་ཉམས་མྱོང་ཅན་དག་ལ་བློ་དྲིས། ཞིབ་བསྡུར་བྱས། སློབ་མའི་དངོས་ཡོད་ལ་གཞི་བཅོལ་ཏེ་བསྒྲིགས་པ་ཞིག་ཡིན་གཤིས། སྨྲ་ལྕེ་འཁྱོགས་པ་རྣམས་དྲང་བོར་བྱེད་པ་དང་མ་འཁྱོགས་པ་རྣམས་མི་འཁྱོག་པར་བྱེད་པ་ལ་གཞན་ལས་སྨན་པ་ཤ་སྟག་ཟད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།