༄༅། །《རྩེ་གཞུང་ཡུལ་གྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས》དཔེ་སྐྲུན་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-03-20 09:16:43 ཀློག་གྲངས།:
《རྩེ་གཞུང་ཡུལ་གྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས》ཞེས་པ་འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་གཙོ་སྒྲིག་ཚན་ཆུང་གིས་རྩ་འཛུགས་དང་བསྡུ་བསྒྲིགས་བྱས་ནས་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཡིན། ནང་དུ་གཏམ་རྒྱུད་རྣ་བའི་བདུད་རྩི་དང་། བཤད་པ་སྙན་གྱི་དགའ་སྟོན། ལ་གཞས་ཁུ་བྱུག་གསུང་སྙན། གླུ་ཤད་སྲིད་པའི་མདུད་པ། ཁེད་བཤད་རིག་པའི་རྩེད་འཇོ། དམངས་གླུ་ཅོ་ཀའི་དྲུག་འགྱུར། གཏམ་དཔེ་ཁྲོམ་ཆེན་ཟིལ་གནོན་སོགས་དེབ་བདུན་བསྡུས་ནས་ངེད་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཞིག་ཡིན། གླུ་དང་གཏམ་དཔེ། བཤད་པ་སོགས་ནི་བོད་ཀྱི་རྩོམ་རིག་གི་ཚིག་དང་གདངས་ཀྱི་འགོ་ཁུངས་ལྟ་བུ་ཡིན་པས། འདི་ལ་གནའ་དེང་གི་མཁས་པ་མང་པོའི་དགའ་བསུ་དང་སློབ་གཉེར་གནང་མྱོང་བར་མ་ཟད། དེའི་རྨད་དུ་བྱུང་བའི་དཔེ་དོན་དང་སྙན་ཞིང་འཇེབས་པའི་ཚིག་སྦྱོར། ཁྱད་དུ་འཕགས་པའིནང་དོན། གཞན་འཚོ་བ་དང་འདས་པའི་དུས་ཀྱི་ལོ་རྒྱུས། རིག་གནས། དམངས་སྲོལ་བཅས་ཀྱིས་ཕྱུག་པའི་དངོས་ཤུགས་གཉིས་བརྗོད་བྱ་སོགས་ནི། ཀུན་གྱིས་ཀློག་པར་འོས་ཤིང་དྲན་པར་བྱ་དགོས་པའི་ཉིང་དགོས་སུ་གྲུབ་པས། དཔེ་ཚོགས་འདི་འདྲ་ཞིག་བསྒྲིགས་པ་དང་དཔར་བའི་དགོས་པ་རྒྱུ་མཚན་ཡང་ངེས་ཐུབ་པར་སྙམ་མོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།