ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།ཐུབ་བསྟན་ཕུན་ཚོགས་ཀྱི་ཚིག་མཛོད《བོད་ཡིག་ཚིག་གཏེར་རྒྱ་མཚོ》དཔེ་སྐྲུན་འགྲེམ་སྤེལ་བྱས།
༄༅།།ཐུབ་བསྟན་ཕུན་ཚོགས་ཀྱི་ཚིག་མཛོད《བོད་ཡིག་ཚིག་གཏེར་རྒྱ་མཚོ》དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-03-11 16:03:54
ཀློག་གྲངས།:
《བོད་ཡིག་ཚིག་གཏེར་རྒྱ་མཚོ》(དག་བཅོས་མ་པོད་གསུམ་ཅན)ཞེས་པ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ་དཀའ་སྤྱོད་འབད་བརྩོན་ལྷོད་མེད་སྒོས་རྩོམ་སྒྲིག་གནང་ཞིང་། བོད་ཀྱི་རིག་གནས་དང་ལོ་རྒྱུས་སྐོར་གྱི་ཚིག་མཛོད་ཆེན་མོ་ཞིག་ཡིན། ཚིག་མཛོད་ཆེན་མོ་འདིའི་པར་གཞི་རྙིང་པ་སྔ་མོ་ནས་དཔེ་སྐྲུན་བྱས་ཏེ་བཀྲམ་པ་དང་། དེའི་རྗེས་ཀྱི་ལོ་ངོ་དུ་མའི་རིང་དགེ་རྒན་མཆོག་གིས་ཡང་བསྐྱར་འབད་པ་ཆེན་མོས་སྔར་གྱི་མིང་རྐྱང་གི་འགྲེལ་བཤད་ཆ་མ་ཚང་བ་དང་། ཁ་གསལ་མེད་པ། ཟློས་སྐྱོན་ཤོར་བ། ནོར་འཛོལ་ཤོར་བ་སོགས་ལ་དག་བཅོས་དང་། མཁས་པ་མང་པོར་འདྲི་གཏུགས་དང་དཔེ་གཟིགས་རྒྱ་ཆེན་གནང་སྟེ་སྔར་མེད་པའི་ཐ་སྙད་གསར་བ་མང་པོ་ཁ་སྐོང་གྱིས་རྩ་བའི་ཆ་ནས། སྔོན་གྱི་པར་གཞི་ལ་དག་བསྒྲིགས་ཞིབ་ཆ་གནང་སྟེ་པར་གཞི་གཉིས་པ་དཔེ་སྐྲུན་བྱས་པ་རེད།
མཁས་དབང་ཐུབ་བསྟན་ཕུན་ཚོགས།
《བོད་ཡིག་ཚིག་གཏེར་རྒྱ་མཚོ》དང་དེའི་རྩོམ་སྒྲིག་འགན་འཁུར་བ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号