༄༅།།《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-24 09:06:27
ཀློག་གྲངས།:

སྤྱི་དོན་དང་པོ། ཀླད་ཀྱི་དོན།
མཆོད་པར་བརྗོད་པའི་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་བསྟན་པའི་སྐབས། རྩོམ་པར་དམ་བཅའ་བའི་གཞུང་ཚིག་ལས་འཕྲོས་ཏེ་དུས་གསུམ་གྱི་སངས་རྒྱས་བྱོན་ལུགས་མདོ་ཙམ་བསྟན་པ།
སྤྱི་དོན་གཉིས་པ། གཞུང་དོན་དངོས་ལས།
དང་པོ། སྐུ་གསུམ་གྱི་ལོ་རྒྱུས།
གཉིས་པ། སངས་རྒྱས་སྟོང་རྩ་གཉིས་ཀྱི་ལོ་རྒྱུས།
གསུམ་པ། ཤཱཀྱ་ཐུབ་པའི་རྣམ་ཐར་དོན་ལྔས་འཆད་པ། མདོར་བསྟན་པ།
སྐངས་དང་པོ། སངས་རྒྱས་ལུགས་བསྟན་པ་ལས། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐོར། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སྐོར།
ས་དང་ལམ་གྱི་གནས་ལུགས་བསྟན་པ། འབྲས་བུ་མངོན་པར་རྫོགས་པར་འཚང་རྒྱ་བ་སྐུ་གསུམ་ཚུལ་གྱིས་བསྟན་པའི་སྐོར། མཆོག་གི་སྤྲུལ་པའི་སྐུས་འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པའི་སྐོར།
སྐབས་གཉིས་པ། བཀའ་དང་བསྟན་བཅོས་ཇི་ལྟར་གསུངས་པའི་སྐོར།
སྐབས་གསུམ་པ། བཀའ་བསྡུ་པ་པོས་བསྡུས་ལུགས་འཆད་པའི་སྐབས་ཏེ་སྟོན་པའི་མཛད་པ་བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བསྟན་པ། བཀའ་བསྡུ་བ་དང་པོའི་སྐབས་བསྟན་པ། བཀའ་བསྡུ་བ་གཉིས་པའི་སྐབས་བསྟན་པ། བཀའ་བསྡུ་བ་གསུམ་པའི་སྐབས་བསྟན་པ།
སྐབས་བཞི་པ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ཏེ་རྒྱ་གར་ཕན་ཆད་དུ་ཆོས་ཇི་ལྟར་བྱུང་བའི་ཚུལ་བསྟན་པ། ཚད་མའི་བསྟན་བཅོས་སྐོར། འདུལ་བའི་བསྟན་བཅོས་སྐོར། དབུ་མ་དང་། སྔགས། གསོ་རིག་གི་བསྟན་བཅོས་སྐོར། མངོན་པའི་བསྟན་བཅོས་སྐོར། གསང་སྔགས་ཀྱི་རྒྱུད་སྡེའི་བསྟན་བཅོས་སྐོར།
སྐབས་ལྔ་པ། བོད་ཡུལ་དུ་ཆོས་བྱོན་པའི་ལོ་རྒྱུས་ལས།
དང་པོ། མཆོད་པར་བརྗོད་པ། ཕྱག་གི་མཚན་ཉིད་གཏན་ལ་དབབ་པ།
གཉིས་པ། བཤད་པར་དམ་བཅའ་བ་དང་། བཀའ་དྲིན་རྗེས་སུ་དྲན་པ།
གསུམ་པ། རྒྱལ་པོ་སྤྱིའི་མཚན་ཉིད་དང་། གདུང་རྒྱུད་རྒྱལ་པོའི་ལོ་རྒྱུས་ལས། ༡ རྒྱལ་པོ་སྤྱིའི་མཚན་ཉིད་མདོར་བསྟན་པ། རིགས་མེད་བེམ་པོའི་རྒྱལ་པོ་ལྔ་བསྟན་པ།
རིག་པ་ཅན་གྱི་རྒྱལ་པོའི་སྐོར། ༢ གདུང་རྒྱུད་རྒྱལ་པོའི་ལོ་རྒྱུས་བསྟན་པ། ༣ བསྐོས་པའི་རྒྱལ་པོའི་ལོ་རྒྱུས། ༤ བོད་གློ་བུར་རྒྱལ་པོ་སྟེ་གཉའ་ཁྲི་བཙན་པོ་ནས་གླང་དར་མའི་སྐོར། ཡུམ་བརྟན་དང་། འོད་སྲུང་སྐོར། བོད་དུ་འབངས་གྱེན་ལོག་བྱུང་ཚུལ། ཟངས་མ་གཞུག་རལ་ཅན། ལྟེབ་མ་དགུ་བརྩེགས་ཅན། ཟིང་པོ་མགོ་སྔོན་ཅན་བཅས་ཀྱི་ནས་ལུགས་རགས་པ། གསང་བ་ཕྱག་རྒྱ་ཅན་གྱི་སྐོར། གསང་བ་ཡང་ཆུང་སྐོར། སྨད་ཀྱི་སིལ་ཆད་ལས་འོད་སྲུང་གི་རྒྱུད་པའི་སྐོར།
ཡུམ་བརྟན་གྱི་རྒྱུད་པའི་སྐོར། ཆོས་ཀྱི་མེ་རོ་བསླངས་ལུགས་དང་། སྡེ་པའི་གྱེས་ལུགས་སྐོར། སྔགས་རྙིང་མའི་འགྱུར་གཞུག་སྐོར། སྔགས་གསར་མ་འགྱུར་འགོ་ཚུགས་ལུགས་སྐོར། ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ལུགས་སྐོར། ཤཱཀྱ་ཐུབ་ཀྱི་བསྟན་པའི་གནས་ཚད་དང་། བྱམས་པ་འབྱོན་ལུགས་སྐོར།
སྤྱི་དོན་གསུམ་པ། མཇུག་གི་དོན་བསྟན་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།