ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་འགྲེམས་སྤེལ་བྱས།
༄༅།།རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་འགྲེམས་སྤེལ་བྱས།
རྩོམ་པ་པོ།:སྒྲོལ་མ་སྐྱབས།
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2019-12-20 14:43:08
ཀློག་གྲངས།:

སྐད་གཉིས།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཤེས་བྱའི་དགོས་མཁོ་སྐོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་ཆེད་དམིགས་ཀྱིས་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཀྱི་ཤེས་བྱ་དག་སྒྲིག་དང་ཡིག་སྒྱུར་སོགས་ཀྱི་ལས་དོན་སྤེལ་བ་རེད།
སྤྱི་ལོ་2015ལོ་ནས་བཟུང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཁྲིམས་ལུགས་ཚན་པར་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་བྱེད་འགོ་ཚུགས་ཤིང་༼འཇོན་མི་སྟོང་གི་འཆར་གཞི༽དང་སྐད་གཉིས་བཅའ་ཁྲིམས་རིག་གནས་དཔེ་སྐྲུན་ལས་གཞི་སྤེལ་བས། ད་རེས་ཀྱི་རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་ཀྱང་བཅའ་ཁྲིམས་ཤེས་བྱའི་རྒྱགས་ཕྱེ་རུ་བསྩལ་ཡོད་པ་དང་། མཚོ་སྔོན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མཉམ་དུ་བོད་ཁུལ་གྱི་ས་གནས་སོ་སོའི་ཁྲིམས་ཁང་ལ་རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་དེབ་གྲངས་5000ལྷག་སྐྱེས་སུ་ཕུལ་བས། སྐད་གཉིས་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དགེ་མཚན་བླ་ལྷག་ལྡན་ཡོད།
རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་འགྲེམས་སྤེལ་བྱས་པ་དེས་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན་སོགས་ས་གནས་མི་འདྲ་བའི་ཁྲིམས་འཛིན་ཚན་པ་དང་། སློབ་ཆེན་ཁག་གི་ཁྲིམས་ལུགས་སྡེ་ཁག བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་སོགས་ལ་བཅའ་ཁྲིམས་ཤེས་བྱའི་ཆུ་ཚད་མཐོར་འདེགས་དང་ཁེ་ཕན་སྲུང་སྐྱོབ། སྐད་གཉིས་ཁྲིམས་འཛིན་དཔུང་ཁག་སྟོབས་ཆེར་གཏོང་བར་སྐད་གཉིས་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་ཤིག་བསྐྲུན་ཡོད། དེ་བཞིན་རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་ཡིག་སྒྱུར་གྱི་ལས་ཀ་ནན་ཏན་ངང་བསྒྲུབ་པ་དང་ཐོག་མའི་སྒྱུར་ཡིག་ནས་མཐའ་མའི་ཞུ་དག་བར་ཐེངས་མང་དག་བཅོས་གནང་བ་དང་། སྔ་རྗེས་སུ་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་དང་། ཡིག་སྒྱུར་ཅུད་སོགས་ཀྱིས་ཞུ་དག་གཏན་འབེབས་གནང་ཡོད།
རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད་ནི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་དང་། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས། དམངས་དོན་གཏུག་བཤེར་བཅའ་ཁྲིམས་སོགས་རིགས་གསུམ་འདུས་པའི་གཏུག་བཤེར་བཅའ་ཁྲིམས་ཀྱི་ཚིག་མཛོད་ཅིག་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།