སེ་ར་དགོན་པས་གནའ་དཔེ་པར་བསྐྲུན་བྱས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2010-11-08 09:58:00 ཀློག་གྲངས།:
 གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གནའ་དཔེ་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོའི་རིང་། སེ་ར་དགོན་པའི་བོད་ཡིག་གི་གནའ་དཔེ་སྲུང་སྐྱོབ་བྱས་པའི་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། ལོ་རེར་གནའ་དཔེ་འཚོལ་སྡུད་དང་དག་སྒྲིག པར་སྐྲུན་བཅས་བྱེད་པའི་ཐད་ལ་མ་དངུལ་སྒོར་ཁྲི40ལྷག་བཏང་ཡོད་པ་དང་། ད་ལྟ་གནའ་དཔེ་རྩ་ཆེན270ལྷག་པར་བསྐྲུན་བྱས་ཡོད་པ་རེད།
 བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གནའ་དཔེ་གཞུང་སྒྲུབ་ཁང་གི་འགན་འཁུར་པས་ངོ་སྤྲོད་གནང་བ་ལྟར་ན། སེ་ར་དགོན་པས་ད་ལྟའི་བར་དུ་བོད་ཡིག་གནའ་དཔེ་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས། 1983ལོར་སེ་ར་དགོན་པས་རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་གཞུང་བཀའ་པོད་ལྔ་བཅས་ཉེར་མཁོའི་གནའ་དཔེ་དག་སྲོལ་རྒྱུན་གྱི་ཤིང་དཔར་དུ་བརྐོས། 2004ལོ་ནས་བཟུང་སེ་ར་དགོན་གྱིས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ། དགོན་པའི་གྲྭ་ཚང་ཁག་ཏུ་ཉར་བའི་བོད་ཡིག་གི《བཀའ་བསྟན་འགྱུར》ལ་སོགས་པའི་གནའ་དཔེ་དག་སྒྲིག་དང་དཀར་ཆག་བསྒྲིགས་པ་མ་ཟད། ཆེད་སྤྱོད་གནའ་དཔེའི་དཔེ་སྒྲོམ་བཀོད་སྒྲིག་བྱས། 2007ལོར་སེ་ར་དགོན་དང་ལྷ་ལྡན་གཙུག་ལག་ཁང་གཉིས་ཀྱིས་མཉམ་དུ་མ་དངུལ་ཁྲི300བཏང་སྟེ། སེ་ར་དགོན་པའི་དུས་རབས་རིམ་བྱོན་གྱི་གནའ་དཔེ་འཚོལ་སྡུད་དང་དག་སྒྲིག་ཁང་བཙུགས་པ་དང་། དེང་རབས་ཚན་རྩལ་གྱི་བྱེད་ཐབས་བེད་སྤྱད་དེ་གནའ་དཔེ་རྩ་ཆེན་270ལྷག་དཔར་དུ་བསྐྲུན་ཡོད་ཅེས་བཤད་དོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།