《དམུ་རིགས་གཤེན་གྱི་བསྟན་འབྱུང》ཞེས་པ་པར་དུ་བསྐྲུན་པ།
《དམུ་རིགས་གཤེན་གྱི་བསྟན་འབྱུང》ཞེས་པའི་དཔེ་དེབ་ཀྱི་མདུན་ཤོག
དུས་རབས་ཉེར་གཅིག་པའི་སྐབས་འདིར། གོ་ལ་ཧྲིལ་བོའི་ཁྱོན་ཀུན་ལ་མི་རིགས་མི་གཅིག་པ་ཁག་གིས་ནུས་ཤུགས་ཡོད་རྒུ་བཏོན་སྟེ། སོ་སོ་རང་རང་གི་ཆོས་དང་རིག་གནས་གོམས་སྲོལ་སོགས་ལ་མྱུར་སྐྱོབ་དང་འཕེལ་རྒྱས་གཏོང་བ། ཕན་ཚུན་ཤེས་རིག་འགྲན་རྩོད་ཀྱི་བང་ཁ་གཤིབ་སྟེ། རྣམ་དཔྱོད་ཀྱི་བང་རྩལ་ངོམ་རེས་བྱེད་པ་དང་། ཤེས་རིག་བགྲོ་གླེང་གི་རྦ་རླབས་འཕྱུར་བཞིན་པའི་སྐབས་འདིར། རྒྱལ་གཤེན་བསྟན་པའི་རིང་ལུགས་ལ་ལྷག་བསམ་གངས་རི་ལས་དཀར་ཞིང་། དུང་སེམས་མཚོ་མོ་ལས་ཟབ་པའི་གཤེན་བཙུན་ཉི་མ་འོད་ཟེར་མཆོག་གིས་དཀའ་བ་ཁྱད་བསད་ངལ་བ་དང་ལེན་གྱི་སྒོ་ནས《དམུ་རིགས་གཤེན་གྱི་བསྟན་འབྱུང》ཞེས་པ་ས་བཅད་རྣམ་པ་བདུན་གྱི་སྒོ་ནས་པར་སྐྲུན་བྱས་པ་རེད།
འདིའི་ནང་དམུ་རྒྱལ་གཤེན་གྱི་གདུང་རབས་དང་། དེ་བཞིན་གཤེན་ལུགས་འཛིན་པའི་སྐྱེས་ཆེན་རྣམ་པའི་མཛད་རྣམ་ངོ་སྤྲོད། གདན་ས་ཕྱིའི་གནས་ཀྱི་བཀོད་པ། ནང་གི་བླ་བྲང་གསེར་སྒོ་ཁྲ་མོ་དང་དེ་བཞིན་དུ་རི་རྒྱལ་དགོན་གྱི་སྔ་དར་དང་ད་ལྟའི་ཕྱི་ནང་རྟེན་དང་བརྟེན་པའི་ངོ་སྤྲོད་སོགས་བསྟན་ཡོད་ཅིང་། ཁོང་གིས་དཀའ་བ་ཁྱད་བསད་ཀྱི་སྒོ་ནས་འདིའི་ཕྱོགས་འཚོལ་བསྡུ་དང་། ལེགས་བསྒྲིགས། མྱུར་སྐྱོབ་སོགས་མཛད་དེ་རྩོམ་བསྒྲིགས་བྱས་པ་འདི་ནི། འཇིག་ཉེས་དང་འཕྲད་བཞིན་པའི་ཆོས་ལུགས་རིག་གནས་ཐད་ལ་བླ་ན་མེད་པའི་མཛད་རྗེས་བཞག་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com