ཁུ་བྱུག་གིས་རྩོམ་སྒྲིག་མཛད་པའི་དཔེ་གསར་པར་སྐྲུན་འགྲེམ་སྤེལ་བྱས་པ།
《བོད་ཀྱི་སྒྲུབ་རྒྱུད་འཛིན་པ་རྣམས་ཀྱི་ལྟ་གྲུབ་ཀྱི་ལེགས་བཤད་མཐོང་བ་ཀུན་གྲོལ》
ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་དཔོན་བཀའ་མགོན་ནམ་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གིས་རྩོམ་སྒྲིག་མཛད་པའི《བོད་ཀྱི་སྒྲུབ་རྒྱུད་འཛིན་པ་རྣམས་ཀྱི་ལྟ་གྲུབ་ཀྱི་ལེགས་བཤད་མཐོང་བ་ཀུན་གྲོལ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་འདུག
དཔེ་དེབ་དེ་ནི་བོད་གངས་ཅན་གྱི་ཡུལ་དུ་དར་བའི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་རིས་སུ་མ་ཆད་པའི་མཁས་གྲུབ་གོང་མ་རིམ་བྱོན་རྣམ་པའི་ལྟ་སྒོམ་ཉམས་ལེན་གྱི་ལེགས་བཤད་རྩ་ཆེན་དག་ཕྱོགས་བསྒྲིགས་གིས་མཛད་པ་པོའི་ལོ་རྒྱུས་མདོར་བསྡུས་དང་། ཁོང་རྣམ་པའི་ལྟ་གྲུབ་ཀྱི་དགོངས་པའི་དཔྱད་གཏམ་མདོར་བསྡུས་རེ། དེ་དང་འབྲེལ་ཡོད་ཀྱི་ཟུར་བལྟའི་དཔེ་ཆའི་མཚམས་སྦྱོར་བཅས། རང་རེའི་བློ་གསལ་ལས་དང་པོ་བ་རྣམས་ལ་དཔེ་མང་ཀློག་པའི་ངལ་བ་ལ་བརྟེན་མི་དགོས་པར་བོད་བརྒྱུད་ནང་བསྟན་རིག་པའི་གཞུང་བཟང་སྟོང་གི་དགོངས་དོན་ནོར་བུ་ལག་རྩེ་རུ་དངོས་སུ་གཏོད་པར་བྱེད་པའི་བྱེད་ལས་དང་ལྡན་པ། ལེགས་བཤད་རྨད་དུ་བྱུང་བ་ཞིག་ཏུ་གདའ་བས། གཟུར་གནས་དོན་གཉེར་བློ་གྲོས་ལྡན་པའི་སྐལ་བཟང་ལས་འཕྲོ་ཅན་དག་གིས་རིག་པའི་དགའ་སྟོན་མཆོག་ཏུ་ཅི་དགར་ལོངས་སུ་སྤྱོད་པར་གནང་འཚལ།
འདི་ལ་ད་དུང་བོད་ཀྱི་རིག་གཞུང་སྤྱི་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སློབ་དཔོན་ཆེན་མོ་ཨ་ལགས་དོར་ཞི་དང་། དགེ་བའི་བཤེས་གཉེན་ཆེན་མོ་ཡེ་ཤེས་དར་རྒྱས་རྣམ་གཉིས་ནས་གཟིགས་པ་མཆོག་ཏུ་ཡངས་པའི་འགོ་བརྗོད་ཀུན་དའི་ཅོད་པན་རེ་ཡང་གསོལ་གནང་འདུག་པས་ཞིབ་ཕྲ་དཔེ་དེར་དགྱེས་གཟིགས་འཚལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com