《རིགས་ལམ་བློ་གསལ་འཇུག་པའི་ལམ་བུ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
བློ་བཟང་སྙན་གྲགས་དང་སྟོན་པ་གཉིས་ཀྱིས་བརྩམས་པའི
《རིགས་ལམ་བློ་གསལ་འཇུག་པའི་ལམ་བུ》
ཉེ་ལམ། བློ་བཟང་སྙན་གྲགས་དང་སྟོན་པ་གཉིས་ཀྱིས་བརྩམས་པའི་དམའ་འབྲིང་དང་མཐོ་འབྲིང་གི་བོད་ཡིག་ཟུར་ལྟའི་རྒྱུ་ཆ་སྟེ《རིགས་ལམ་བློ་གསལ་འཇུག་པའི་ལམ་བུ》ཞེས་པའི་དཔེ་དེབ་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
ཉེ་བའི་ལོ་འདི་འགར་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་རྣམས་སུ་རིགས་ལམ་གྱི་སྒོ་ནས་འཆད་ཉན་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་གསར་བ་ཞིག་ཆགས་ཡོད། དེ་བས་སློབ་ཁྲིད་གསར་བའི་དགོས་མཁོ་དང་སློབ་གྲོགས་ཚོ་རིག་པའི་གནས་ལ་བདེ་བར་འཇུག་པར་མཐུན་རྐྱེན་བསྐྲུན་པ་སོགས་ལ་དམིགས་ནས《རིགས་ལམ་བློ་གསལ་འཇུག་པའི་ལམ་བུ》ཞེས་པའི་དེབ་ཆུང་འདི་ཟུར་ལྟའི་ལྷན་ཐབས་ཀྱི་ཚུལ་དུ་བསྒྲིགས་པ་ཞིག་ཡིན་ཞིང་། དེབ་འདིའི་ནང་དུ་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ། སྙན་ངག བསྡུས་གྲྭ་བཅས་སྡེ་ཚན་བཞི་དང་། སྡེ་ཚན་རེར་མུ་བཞི་རིགས་པའི་རོལ་རྩེད་དང་། ཁྱབ་མཐའི་དོགས་སེལ་ལྡེ་མིག རིགས་འཕྲུལ་དཔྱིད་ཀྱི་དགའ་སྟོན་བཅས་ཁག་གསུམ་དུ་བགོས་ཡོད།
དེབ་འདིས་བཅུ་ཕྲག་རིག་པའི་གནས་ལས་སྒྲ་དང་ཚད་མ། སྙན་ངག་གསུམ་གྱི་རྨང་གཞིའི་ཤེས་བྱ་དག་མུ་བཞི་དང་། ཁྱབ་མཐའ། རིགས་འཕྲུལ་བཅས་ཀྱི་ལམ་ནས་རེ་རེ་བཞིན་བཀོད་ཡོད་ཅིང་། དམའ་འབྲིང་དང་མཐོ་འབྲིང་གི་སློབ་མའི་སློབ་སྦྱོང་གི་མཁོ་འདོད་དང་འཚམ་པར་ཚིག་སྦྱོར་གོ་བདེ་ཞིང་ཡིད་ལ་འཛིན་བདེ་བས་རིག་པའི་གནས་དེ་དག་ལེགས་པོར་སྦྱངས་བར་ཟུར་ལྟའི་རིན་ཐང་ལྡན་པ་དང་མཉམ་དུ། དཀའ་གནད་ཀྱི་མདུད་པ་གྲོལ་བར་བྱེད་པའི་ནུས་པའང་མངོན་གསལ་ལྡན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com