ཞོགས་ལྗང་གི་དེབ་གསར་སྙུ་གུའི་སྟོབས་ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ།
སྙུ་གུའི་སྟོབས།
འུ་ཅག་ལ་བར་སྣང་ནས་སར་མི་དབབ་པའི་བླ་མའི་ལུང་ཚིག་ཡོད་ལ། ས་ནས་མཁར་སྤུར་བའི་མཁས་པའི་ལེགས་བཤད་ཀྱང་ཡོད། མ་ཟད། རི་ཁའི་རླུང་རྟ་བཞིན་ཕྱོགས་བཅུར་གཏོར་བའི་གཞུང་སྒེར་དཔེ་དེབ་མང་བོས་ང་ཚོའི་མིག་ཟུང་བཀབ་ཡོང་དུས། ལ་ལ་ནི་གཉའ་ཆག་མགོ་སྡུམ། ལ་ལ་ནི་མུན་འོབས་མདའ་འཕེན། ལ་ལ་ནི་མི་བསྟོད་ངོ་བསྟོད། ཡིན་ཡང་། བོད་ཀྱི་ན་གཞོན་རྩོམ་པ་བོ་ཞོགས་ལྗང་ལགས་ཀྱིས་རིག་གནས་གསར་བ་དང་བསམ་བློ་གསར་བའི་མ་ལག་ཅིག་གི་སྟེང་ནས་བོད་ཀྱི་དངོས་ཡོད་འཚོ་བར་རྐང་བཙུགས་ཏེ། རང་གི་སྐད་ཆ་རང་གིས་ཁྱེར་ནས་ཐོན་ཡོད།
འོས་སྦྱོར་བའི་གཏམ།
རང་གི་སྐད་ཆ་ནི་སྨྲ། རང་གི་ཀླད་པ་ནི་ཁོལ། གནད་ལ་འགན་འཁྲི་དམྱིགས་སུ་ཕེབས་པར་བྱས་ན་ནི། དོན་གྱི་ན་གཞོན་གསར་བའི་བཙན་རྒོལ་སྙིང་སྟོབས་དང། རྒྱལ་སྐྱོང་བསམ་སྦྱོར་ཡིན་གྱི། རིག་པ་རང་ལུས་རོ་ཁུར་ནི་མིན་ནོ།།
གདོན་གྱིས་ཕུལ།
དཔེ་ཆ་གང་ལ་ལྟ་བ་དང་ཇི་ལྟར་ལྟ་བ་སོགས་ནི་རང་དབང་རེད་མོད། འོན་ཏང། མི་ཡི་དཔེ་ཆ་མི་བལྟ་བ་དང་། ལྷག་ཏུ་ན་གཞོན་གྱི་སྐད་ཆར་མི་མཉན་པ་ནི་འུ་ཚོའི་ནག་ཉེས་ཤིག་རེད།
ལྗགས་མདའ་ནས་ཕུལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com