རིག་ལྡན་རྒྱ་མཚོས་བརྩམས་པའི་སྒྲུང་གཏམ《གནའ་གྲོང》།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-18 10:31:00 ཀློག་གྲངས།:

རིག་ལྡན་རྒྱ་མཚོས་བརྩམས་པའི་སྒྲུང་གཏམ《གནའ་གྲོང》།
རིག་ལྡན་རྒྱ་མཚོས་བརྩམས་པའི་སྒྲུང་གཏམ《གནའ་གྲོང》། 

དཔེ་སྐྲུན་གསལ་བཤད། 

         དུས་རབས་གོང་མའི་ལོ་རབས80བའི་རྗེས་སུ། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ནི་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་གོང་དུ་འཕེལ་བའི་རྫོགས་ལྡན་གསར་བའི་དུས་སྐབས་ཤིག་ལ་བསླེབས། ཕྱོགས་ཡོངས་དང་འཐུས་སྒོ་ཚང་བའི་ངང་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་རྣམ་པ་དང་ཆུ་ཚད་མངོན་པར་མཚོན་སླད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1991ལོ་དང2001ལོར་སྔ་གཞུག་བྱས་ནས《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》(པོད་བཅུ)དང《སྦྲང་ཆར་ལོ་འཁོར20དཔེ་ཚོགས》(པོད་བརྒྱད)ཞེས་པ་གཉིས་པར་སྐྲུན་བྱས་པས་སྤྱི་ཚོགས་སུ་གདེང་འཇོག་ཅུང་ལེགས་པོ་ཐོབ།
         དུས་རབས21པར་སླེབས་པ་ན། བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལེགས་པོ་བྱུང་སྟེ། དུས་རབས་གོང་མའི་ལོ་རབས80བའི་སྨད་ཙམ་ལ་རྩོམ་སྟེགས་སུ་བུད་པའི་རྩོམ་པ་པོ་སྐོར་ཞིག་ལ་མཚོན་ན།  དུས་རབས་གསར་བའི་ནང་དུའང་སྔར་བཞིན་དུངས་པའི་ཚོར་རླབས་མཁའ་ལ་འཕྱོ་ཞིང་རྩོམ་པའི་རྒྱུན་ལ་ཉམས་པ་མེད་པར། འབྲས་བུའི་ཁུར་གྱིས་དུད་པའི་གསར་རྩོམ་དང་ཤུགས་རྐྱེན་གྱི་ནུས་པ་སྲུང་འཛིན་བྱས་ཐོག   མུ་མཐུད་དུ་རང་ཉིད་ལ་ཡར་སྐྱེད་ཆེན་པོ་འབྱུང་དུ་བཅུག་སྟེ་བརྩམས་ཆོས་གསར་བ་མང་པོ་འདོན་སྤེལ་གནང་འདུག 

རྩོམ་པ་པོའི་གཏམ།

         《གནའ་གྲོང》ཞེས་པའི་སྒྲུང་གཏམ་དེ་ཡང་རང་ནུས་ཅི་ལྕོགས་ངང་མིག་སྔའི་སྤྱི་ཚོགས་ཀྱི་དངོས་ཡོད་སྣང་ཚུལ་ཞིག་སྟོན་ཅི་ཐུབ་བྱེད་བསམ་མོད་ཀྱང་། དུས་ཚོད་ཀྱི་བར་ཆད་ཅིག་གིིས་སྐེད་པ་ནས་རེ་ཞིག་མཚམས་འཇོག་དགོས་བྱུང་ལ། རྗེས་སུ་མཚམས་སྦྱོར་བའི་སྐབས་སུ་སྔར་གྱི་སེམས་པའི་ཚོར་ཤུགས་དང་དེའི་ཉེར་ལེན་རྣམས་ཡེ་ནས་མེད་པ་ལྟ་བུར་ཆགས་པས། 《སྦྲང་ཆར》གྱི་རྩོམ་སྒྲིག་པ་ཆོས་སྐྱོང་ལགས་ཀྱིས“ལྕོང་མོའི་ལུས་ཅན་དུ་སོང་འདུག”ཅེས་བརྗོད་པ་ནི་དངོས་གནས་བདག་གི་སྒྲུང་གཏམ་དེ་ལ་ཁ་མིན་དོན་གྱིས་འཇུག་མྱོང་བའི་རྟགས་མཚན་ཞིག་རེད། ད་ལྟ་ཕྱིར་དྲན་ཞིག་བྱས་ན། བདག་གིས་འདས་པའི་དུས་ཀྱི་བོད་ཀྱི་རྩོམ་པ་པོ་དོན་འགྲུབ་རྒྱལ་ལྟར་སྒྲུང་གཏམ་ལ་བློ་གཟུར་མོས་འགན་ཁུར་མྱོང་མེད་པ་དང་། རྒན་རབས་རྩོམ་པ་པོ་དག་དང་འདྲ་བར་རྩོམ་ཡིག་ཁྲོད་རང་ཉིད་ཀྱི་རྔུལ་ཁྲག་བཞུར་མྱོང་མེད་པ་གཞི་ནས་ཤེས་རྟོགས་འབྱུང་གི་ཡོད་ལ། སྐབས་ཤིག་ལ་སྒྲུང་གཏམ་གྱིས་མི་རིགས་ཤིག་ལ་ནུས་པ་ཅི་ཡང་འདོན་ཐུབ་ཀྱིན་མེད་སྙམ་པའི་ལོག་བློ་ཞིག་ཀྱང་སྐྱེས་མྱོང་། འདི་དག་ཐམས་ཅད་བདག་གིས་སེམས་གཏིང་ནས་ལས་རིགས་འདིའི་སྒང་ནས་བརྗོད་འདོད་པའི་སྐད་ཆ་ཞིག་ཡིན་ལ། དེ་དང་ཆབས་ཅིག་ཀློག་པ་པོ་རྣམས་ལ་འགྱོད་བཤགས་བགྱིས་པ་ཞིག་ཀྱང་ཡིན། ཡང་བསྐྱར་ཚིག་གཅིག་ཁ་སྣོན་བྱེད་དགོས་བྱུང་བ་ནི། མིག་སྔའི་བོད་ཀྱི་སྒྲུང་གཏམ་སྟེགས་བུར་འཇུག་བཞིན་པའི་གཞོན་སྐྱེས་རྩོམ་པ་པོ་ལྷ་བྱམས་རྒྱལ་ཉིད་དང་དེ་དང་ཆ་འདྲ་བའི་སྒྲུང་གཏམ་འབྲི་རྒྱུར་ཧ་ཅང་དགའ་མཁན་ཚོས་ལས་རིགས་འདི་སྔར་ལས་སོར་ཆུད་ཡོང་བའི་རེ་འདུན་སྙིང་ནས་ཞུ་བ་དང་བཅས།  

རྩོམ་པ་པོས།
2010ལོའི་ཟླ10བའི་ཚེས18ཉིན་ལ།
བུམ་པ་རྒྱལ་གྱིས་འོས་སྦྱོར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།