བརྡ་དག་རོལ་རྩེད་ཅེས་པའི་བོད་ཡིག་ཤོག་ཤོ་འགྲེམ་སྤེལ་བྱས་པ།
བརྡ་དག་རོལ་རྩེད།
ཉེ་ཆར། བོད་ཡིག་ཤོག་ཤོ་བརྡ་དག་རོལ་རྩེད་ཁྲོམ་རར་དངོས་སུ་འགྲེམ་སྤེལ་བྱས་ཡོད་ཅིང་། ཡོན་ཏན་དོན་གྲུབ་ཀྱིས་གསར་གཏོད་བྱས་པའི་རོལ་རྩེད་འདི་ལ་བོད་ཡིག་གི་དབྱངས་གསལ་དང་དེ་དག་གི་རྟགས་ཀྱི་དབྱེ་བ་སོགས་ངོས་འཛིན་བདེ་བའི་ཁྱད་ཆོས་ཡོད་པ་དང་། སུམ་རྟགས་དག་གསུམ་ལ་སློབ་སྦྱོང་བྱེད་པར་ཡང་རམ་འདེགས་ཀྱི་ནུས་པ་ལྡན་ཡོད་པས་བོད་སྐད་ཡིག་ལ་དགའ་ཞེན་ཡོད་མཁན་ཚོས་ཐུགས་སྣང་བྱེད་རིན་ཡོད། དེ་མིན་འདི་ལ་རོལ་རྩེད་གྱི་ཁྱད་ཆོས་ངེས་ཅན་ཡོད་པའི་ཁར་རྒྱུན་དུ་རྩེད་མོར་དགའ་བའི་གཞོན་ནུ་རྣམས་ལ་ཕྱག་སྦྲེལ་ཟླ་མེད་གཅིག་ཡིན་པར་སྣང་།
བརྡ་དག་རོལ་རྩེད།
རོལ་རྩེད་འདི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་ཞིང་ཚད་ལྡན་དཔེ་རྟགས་ལྡན་པས་དཔེ་ཚོང་ཁང་ཁག་ནས་ཉོ་ཐུབ་ཀྱི་འདུག མ་ཟད་ཤོག་ཤོའི་ཐུམ་སྒྲིལ་ནང་དུ་རྩེད་ཚུལ་གསལ་བཤད་དང་བཅས་པ་འདུག་པས་རྩེད་སྟངས་ཐད་བློ་སྒོ་འབྱེད་པར་བྱེད་པས་དེ་བས་ཕན་ནུས་ལྡན་པར་སྙམ་མོ།།
བརྡ་དག་རོལ་རྩེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com