《གངས་དཀར་མཛེས་རྒྱན》ཞེས་པའི་དཔེ་དེབ་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-13 08:11:00 ཀློག་གྲངས།:


《གངས་དཀར་མཛེས་རྒྱན》།

          རྣམ་ཐར་ཟློས་གར་ནི་བོད་ཀྱི་གནའ་བོའི་ཟློས་གར་གྱི་རིགས་ཤིག་ཡིན་ཏེ། དེའི་ཁྱད་འཕགས་ཀྱི་སྒྱུ་རྩལ་དང་མཚོན་བྱེད། རྒྱུན་རིང་བའི་ལོ་རྒྱུས། གཏིང་ཟབ་པའི་བསམ་བློ། བབ་ཆགས་ཀྱི་བྲོ་གླུ། སྒྱུ་རྩལ་ཉིང་བཏུས་ཀྱི་སྐད་ཆ་སོགས་ཀྱིས་མི་རྣམས་ཀྱི་བློ་ཡུལ་ཅིག་ཅར་དུ་བཀུག་ཅིང་ཆེས་ལྟ་རྒྱུར་དགའ་བའི་ཟློས་གར་དུ་གྱུར་ཡོད། དུས་ཡུན་རིང་བོའི་ནང་དུ། རྣམ་ཐར་ཟློས་གར་ངག་ཐོག་ནས་བརྒྱུད་ཅིང་ཡིག་ངོར་ཕབ་པའི་གནའ་བོའི་རྣམ་ཐར་ཧ་ཅང་ཉུང་བ་རེད།
        ཉམས་ལ་ཉེ་བའི་རྣམ་ཐར་ཟློས་གར་སླར་གསོ་བྱེད་ཆེད། ཡོན་ཏན་ལྷུན་གྲུབ་ཀྱིས་གཙོ་སྒྲིག་བྱས་ཤིང་།  ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི《གངས་དཀར་མཛེས་རྒྱན》ཞེས་པའི་དེབ་དེ2010 ལོར་ལེགས་གྲུབ་བྱུང་བ་རེད།
        དཔེ་དེབ་དེའི་ནང་དུ་ཀན་ལྷོའི་བོད་རིགས་དམངས་ཁུལ་དུ་དར་ཁྱབ་ཆེ་བའི་རྣམ་ཐར་ཟློས་གར་རིགས15ཕྱོགས་བསྡུས་བྱས་ཤིང་། དེ་ལ་ཆོས་ལུགས་ཟློས་གར་དང་། ལོ་རྒྱུས་ཟློས་གར། གཏམ་རྒྱུད་ཟློས་གར། གླིང་སྒྲུང་ཟློས་གར་སོགས་རིགས་ཆེན་པོ4རུ་བགོས་ཤིང་དེབ་གསུམ་པར་དུ་བཏབ་པ་རེད།
        དེབ་འདི་ནི་ཐེངས་དང་པོར་དམངས་ཁྲོད་རྣམ་ཐར་ཟློས་གར་ལ་ཕྱོགས་ཡོངས་ནས་འཚོལ་སྡུད་དང་ཕྱོགས་བསྡུས་བྱས་པ་ཡིན་པས་དམངས་སྲོལ་རིག་པ་དང་བོད་རིག་པ་ཞིབ་འཇུག་ལ་རྒྱུ་ཆ་མཁོ་སྤྲོད་བྱས་པས་རིན་ཐང་གཞལ་དུ་མེད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།