བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་རིས་དཔེ56འགྲེམ་ལ་ཉེ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-11 10:09:00 ཀློག་གྲངས།:

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་རིས་དཔེ56འགྲེམ་ལ་ཉེ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་རིས་དཔེ56འགྲེམ་ལ་ཉེ།


《བོད་ཕག་གསོ་ཚགས་ཀྱི་དངོས་སྤྱོད་ལག་རྩལ》།

         བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་རིས་དཔེ56འགྲེམ་ལ་ཉེ་ཞིང་། རིས་དཔེ56རུ་ཚན་རིག་ཁྱབ་རྡལ་གྱི་རིགས་དང་། ཁྲིམས་ལུགས་ཁྱབ་རྡལ་གྱི་རིགས། ལོ་རྒྱུས་གཏམ་རྒྱུད་སོགས་ཐད་ཀྱི་ནང་དོན་འདུས།
         ཚན་རིག་ཁྱབ་རྡལ་རིགས་ཀྱི་ཁོངས་སུ། 《བོད་ལྗོངས་སུ་རྒྱུན་སྤྱོད་ཚལ་རིགས་འདེབས་གསོའི་ལག་རྩལ》དང《བོད་ཕག་གསོ་ཚགས་ཀྱི་དངོས་སྤྱོད་ལག་རྩལ》། 《གྲོང་གསེབ་ཀྱི་རྫབ་རླངས་དངོས་སྤྱོད་ལག་དེབ》། 《བོད་བྱ་གསོ་སྤེལ་ལག་རྩལ》སོགས་འདུས། དེ་མིན《བོད་རིགས་ཀྱི་གྱོན་ཆས》དང《ལྷ་ལྡན་གཙུག་ལག་ཁང》སོགས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིས་དཔེའང་དུ་མ་ཡོད།


《གྲོང་གསེབ་ཀྱི་རྫབ་རླངས་དངོས་སྤྱོད་ལག་དེབ》།


《བོད་ལྗོངས་སུ་རྒྱུན་སྤྱོད་ཚལ་རིགས་འདེབས་གསོའི་ལག་རྩལ》།

         ཁྲིམས་ལུགས་དང་ཁྲིམས་སྲོལ་ནི་སྤྱི་ཚོགས་འཁོར་བསྐྱོད་བྱེད་པའི་རྨང་ཡིན་པ་དང་། སྤྱི་ཚོགས་ལུགས་ལྡན་ངང་འཁོར་སྐྱོད་དང་། མི་དང་མིའི་དབར་འཆམ་མཐུན་མཉམ་གནས་བྱེད་པའི་གཞི་རྩ་རུ་ངེས། རྒྱལ་ཁབ་ཅིག་དང་གྲོང་ཁྱེར་ཞིག་གི་དཔལ་ཡོན་གྱི་ཚད་འཇལ་བའི་མཚོན་བྱེད་གལ་ཆེ་ བ་ཞིག་ནི་སྲིད་གཞུང་དང་སྤྱི་དམངས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་འདུ་ཤེས་ཡིན། དཔེ་དེབ་འདི་དག་ནི་བོད་རྒྱ་ཤན་སྦྱར་དང་དཔེ་རིས་ཀྱི་ཚུལ་དུ《རིས་འགྲེལ་ཁྲིམས་ལུགས་རྒྱུན་ཤེས་ཀྱི་ཁེ་དབང་ལ་གནོད་པའི་བཅའ་ཁྲིམས》དང《རིས་འགྲེལ་ཁྲིམས་ལུགས་ཤེས་བྱའི་ངལ་རྩོལ་གྱི་བཅའ་ཁྲིམས》 ། 《རིས་འགྲེལ་ཁྲིམས་ལུགས་རྒྱུན་ཤེས་ཀྱི་ཆིངས་ཡིག་བཅའ་ཁྲིམས》། 《ནར་མ་སོན་བྱིས་པའི་རང་ཉིད་སྲུང་སྐྱོབ་ཤེས་བྱའི་ཀློག་དེབ》། 《གཞོན་ནུའི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ》སོགས་སྤེལ་བ་མ་ཟད། མི་རིགས་མཐུན་སྒྲིལ་སྐོར་གྱི་དཔེ་དེབ་མི་ཉུང་བ་ཞིག་ཀྱང་བོད་རྒྱ་ཤན་སྦྱར་དང་དཔེ་རིས་ཀྱི་ལམ་ནས་སྤེལ།


《ལྷ་ལྡན་གཙུག་ལག་ཁང》

         གཞན་ཡང་། རོང་འབྲོག་མི་དམངས་ཀྱི་ཕྱོགས་བསྡུས་ཚན་རིག་གི་ཆུ་ཚད་མཐོར་འདེགས་དང་། མྱུར་སྐྱོབ་ནུས་ཤུགས་དང་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ལ་ཤུགས་སྣོན་པར་བདེ་སྲུང་སྐོར་གྱི་ཤེས་བྱ་ཁྱབ་རྡལ་དུ་གཏོང་བ་ཡིན་ལ། སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་སྟབས་བདེ་བཟོ་བར།  《སྤྱི་དམངས་ཀྱི་དཔལ་ཡོན་ལག་དེབ》དང《ས་འགུལ་བྱུང་དུས་ཇི་ལྟར་བྱ》། 《ཞིང་སྡེའི་རྐྱེན་ལྡོག་ལག་དེབ》། 《ཐཱན་ཉུང་དུ་འཚོ་བ》། 《ཁོར་སྲུང་ལག་ལེན》། 《ནད་རིགས་སྔོན་འགོག》སོགས་མང་དུ་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།