《ཤར་དུང་རི》ལེགས་རྩོམ་ཕྱོགས་བསྒྲིགས་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-01 09:24:00 ཀློག་གྲངས།:


《ཤར་དུང་རི》ལེགས་རྩོམ་ཕྱོགས་བསྒྲིགས།

  《ཤར་དུང་རི》ནི་ཀུན་ལ་གསལ་ཆ་ཡོད་པའི་ལོ་དེབ་ཅིག་ཡིན་སྟེ། དེས་ལོ་ངོ་དུ་མའི་རིང་ལ་བོད་ཀྱི་བསམ་བློ་བའི་སྡེ་རུ་གྲགས་འགུལ་མི་ཆུང་བ་ཞིག་བཟོས་མྱོང་། རྒྱུ་མཚན་དེའི་ཕྱིར་ན། ད་ཆ་ཡང་ཀློག་པ་པོ་དག་གི་དགོས་མཁོར་དམིགས་ཏེ། ལོ་ངོ་དུ་མའི་རིང་གི《ཤར་དུང་རི》ཡི་ལོ་དེབ་དག་ལས་ལེགས་རྩོམ་དག་བདམས་ནས་ཕྱོགས་བསྒྲིགས་བྱས་ཤིང་། ཀུན་གྱི་སྤྱན་སྔར་བཀྲམ་ཡོད། ཐམས་ཅད་ཀྱིས་དགའ་བསུ་ཡོང་བར་ཞུ།
  《ཤར་དུང་རི》ལེགས་རྩོམ་ཕྱོགས་བསྒྲིགས་འདིར་སྟོད་སྨད་ཆ་གཉིས་སུ་བཀར་ནས་པར་དུ་བསྐྲུན་ཡོད་ཅིང་། ཇུས་འགོད་དང་པར་སྐྲུན་གང་གི་ཆ་ནས་ཀྱང་སྒེར་དེབ་ཞིག་གི་ཆེས་མཐོ་བའི་སྤུས་ཚད་དེ་སྙེགས་ཅི་ཐུབ་བྱས་ཡོད། ཤོག་བུའི་སྤུས་ཚད་དང་ཡི་གེའི་ཆེ་ཆུང་གང་ལ་མཚོན་ན་ཡང་ཀློག་བདེ་བོ་དང་ཉར་ཚགས་བྱེད་བདེ་བོ་བྱས་ཡོད་པས། ཀློག་པ་པོའི་འདོད་བློ་དང་འཚམ་པའི་སྨོན་འདུན་ཞུ།
  གལ་ཏེ《ཤར་དུང་རི》ལེགས་རྩོམ་ཕྱོགས་བསྒྲིགས་དེབ་འདི་སྡེབས་ཉོ་བྱེད་མཁན་ཡོད་ན་རིན་གོང་ཇེ་དམའ་རུ་བཏང་ནས་བཙོང་རྒྱུ་ཡིན་པ་དང་། ས་ཁུལ་སོ་སོ་ནས་མངག་ཉོ་བྱེད་མཁན་ཡོད་ཚེ་གཤམ་གྱི་ཨང་གྲངས་དག་ལ་འབྲེལ་གཏུག་བྱོས།


  འབྲེལ་གཏུག་བྱ་ཡུལ།
  ཁ་པར།   18797385359    15117102232
  གླེང་མོལ།  1507489704     530658815
  སྐད་འཕྲིན། himalaya2010     kawaniangji


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།