བསྟན་འཛིན་ལགས་ཀྱི《དགེ་ཚུལ་ཆུང་ཆུང》ཞེས་པ་པར་དུ་བསྐྲུན།
བསྟན་འཛིན་ལགས་ཀྱི《དགེ་ཚུལ་ཆུང་ཆུང》ཞེས་པ་པར་དུ་བསྐྲུན།
དགེ་ཚུལ་ཆུང་ཆུང་གི་མི་ཚེའི་ཉམས་མྱོང་བརྗོད་བྱར་བྱས་པའི་བརྩམས་ཆོས་ཐོག་མ་སྟེ《དགེ་ཚུལ་ཆུང་ཆུང》ཞེས་པའི་རྩོམ་པ་པོ་བསྟན་འཛིན་ལགས་དགུང་ལོ་གསུམ་གྱི་སྟེང་དགེ་ཚུལ་གྱི་སྡོམ་པ་བླངས་པ་དང་། དེའི་རྗེས་དགུང་ལོ་བཅུ་བཞིའིསྟེང་སྟོན་པའི་ན་བཟའ་ཕུད་ནས་ནང་ལོག་ཏུ་སློབ་གཉེར་བྱས། དགུང་ལོ་སོ་དགུའི་སྟེང་བོད་ལྗོངས་ཀྱི་ཧྲུའུ་ཅི་གཞོན་པར་བསྐོས། ཁོང་ཉིད་ཆུང་དུས་སུ་སྤྲུལ་སྐུར་ངོས་བཟུང་བ་དང་། ཁོང་གིས་ཆབ་སྲིད་དང་རིག་གནས་ཁྱབ་ཁོངས་ཀྱི་ལས་འགན་མང་བོ་བཞེས་མྱོང་བ། རིག་གནས་ཀྱི་གཟེངས་རྟགས་སྣ་ཚོགས་ཐོབ་མྱོང་བ་སོགས་མི་ཚེའི་བརྒྱུད་རིམ་ཕུན་སུམ་ཚོགས་པོ་ལྡན་པས། ཁོང་གི་བརྩམས་ཆོས་ཁྲོད་རྩོམ་པ་པོའི་འཚོ་བ་དངོས་ཀྱི་མྱོང་བ་དང་འབྲེལ་ཐོག རིག་གནས་ཀྱི་ངོས་ཐད་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་བྱ་དང་ཆོས་ཀྱི་ཆོ་ག སྤྲུལ་སྐུའི་ངོས་འཛིན། དམངས་ཁྲོད་ངག་རྒྱུན་སོགས་བརྗོད་བྱ་ཕུན་སུམ་ཚོགས་པ་འདུས་པས། དེ་ལས་ཀློག་པ་པོ་རྣམས་ཀྱིས་ཆོས་ལུགས་ཀྱིས་འགྲོ་ཀུན་དགེ་བའི་ལས་ལ་བསྐུལ་བ་དང་། ཆོས་ལུགས་དད་མོས་ཀྱིས་མི་ཚེ་ལ་བསྐྱེད་པའི་སྟོབས་ཤུགས་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་པ་རེད།
བརྩམས་ཆོས་ཁྲོད《ཚེ་སྲོག་གི་སྙིང་བོ》དང་། 《སྐྱེ་འཆི་གླེང་བ》། 《མི་ཚེ་གླེང་བ》སོགས་མཚན་ཉིད་རིག་པའི་རང་བཞིན་གྱི་ལྷུག་རྩོམ་ཡང་མི་ཉུང་བ་འདུས་ཤིང་། 《སྐྱེ་འཆི་གླེང་བ》ཞེས་པའི་ཁྲོད་སྐྱེ་ནི་ཚན་རིག་གི་སྣང་ཚུལ་ཞིག་ཡིན་པ་དང་། འཚོ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན། འཆི་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་ཞེས་སྡོམ་ཚིག་བཀོད་པ་དེས་ཀློག་པ་པོ་རྣམས་ལ་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com