དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ་དེབ《རིགས་ལམ་སྒོ་འབྱེད》པར་དུ་བསྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-14 11:07:00 ཀློག་གྲངས།:

དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ་དེབ《རིགས་ལམ་སྒོ་འབྱེད》
དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ་དེབ《རིགས་ལམ་སྒོ་འབྱེད》།

     ཉེ་སྔོན། དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ《རིགས་ལམ་སྒོ་འབྱེད》ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
     དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ《རིགས་ལམ་སྒོ་འབྱེད》ཅེས་པ་འདི་ནི་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་སྟེ་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། དམའ་འབྲིང་སྐད་ཡིག་གི་སློབ་དེབ་དྲུག་པོའི་གཙོ་གནད་སློབ་ཚན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ལྟ་ཀློག་དང་དབྱེ་ཞིབ་ཀྱི་ཚུལ་དུ་སྒྲིག་བཟོ་བྱས་ཡོད།
     དཔེ་དེབ་ལ་ཁྱོན་བསྡོམས་ས་བཅད་བརྒྱད་དུ་དབྱེ་ཡོད་ཅིང་། ས་བཅད་རེ་རེའི་ནང་དུ་སྟོང་ཆ་ཁ་སྐོང་དང་། འདེམས་སྐོང་། འགྲིག་མིན་བརྡར་ཤ་གཅོད་པ། སུམ་ཅུ་བའི་དཔེར་བརྗོད་དང་། སྙན་ངག་གི་རྒྱན། མངོན་བརྗོད། དཔེ་དང་དཔེ་ཅན་ངོས་འཛིན། དྲི་བ་དྲིས་ལན། བརྗོད་པ་བཟོ་བ། ཚིག་གྲོགས་སྦྱོར་བ། ཚིག་དོན་འགྲེལ་བཤད། བརྗོད་པ་རྒྱས་འབྲི་དང་བསྡུས་འབྲི་སོགས་ལྟ་ཀློག་དབྱེ་ཞིབ་ཀྱི་རྒྱུགས་གཞིའི་རྣམ་པ་ལྟར་བཟོས་ཡོད། དཔེ་དེབ་འདིར་ཁྱོན་བསྡོམས་ལྟ་ཀློག་དབྱེ་ཞིབ82ཡིས་གྲུབ་ཅིང་། ལྟ་ཀློག་དབྱེ་ཞིབ་རེ་རེའི་ནང་དུ་ཚིགས་བཅད་གཅིག་དང་ཚིག་ལྷུག་གཅིག་རེ་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།