《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་རིག་གནས་དཔེ་ཚོགས》དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།
《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་རིག་གནས་དཔེ་ཚོགས》།
ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་འཚོལ་སྡུད་དག་སྒྲིག་བྱས་པའི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་རིག་གནས་དཔེ་ཚོགས》ཞེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དམངས་ཁྲོད་རིག་གནས་ཀྱི་དཔེ་ཚོགས་འདི་ནི་མཚོ་སྔོན་པོའི་ཉེ་འཁོར་གྱི་མདའ་བཞི་དང་རྐང་ཚ། ཨ་རིག་གསུམ་གཙོར་བྱས་པའི་རོང་འབྲོག་ཡུལ་ལུང་ཚོ་བ་ཁག་གི་ཡུལ་མི་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་ལོ་ངོ་སྟོང་ཕྲག་དུ་མར་རྒྱུན་མ་ཉམས་པར་ངག་ཐོག་ནས་རླུང་ལྟར་གྲགས་པའི་དམངས་ཁྲོད་རིག་གནས་ཀྱི་ནང་གསེས་སྐོར་ཞིག་ཡི་གེར་བཀོད་པ་ཡིན།
དཔེ་ཚོགས་འདི་ལས《སྲིད་པའི་བཤད་པ》དང《སྲིད་པའི་རྩེད་རིགས》《སྲིད་པའི་གཏམ་རྒྱུད》《སྲིད་པའི་གླུ་ཆུང》《སྲིད་པའི་གླུ་རྒན》《སྲིད་པའི་གླུ་ཤགས》《སྲིད་པའི་ཁེད་བཤད》བཅས་དེབ7འདུས།
དཔེ་ཚོགས་འདི་ནི་ངེད་གཞུང་ལས་ཁང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ད་ལྟ་བག་ལ་ཞ་བཞིན་པའི་དམངས་ཁྲོད་རིག་གནས་རྒྱུན་འཛིན་གྱི་ལས་འགན་ མ་སྐུལ་དང་བླང་གིས་ཕྲག་ཏུ་བླངས་ཏེ། ཐེངས་མང་པོར་ཡུལ་དངོས་སུ་ཕྱིན་ཏེ་དམངས་ཁྲོད་དུ་བཞུགས་པའི་སྲིད་པ་རྒན་པོ་རྣམས་ཀྱི་ངག་གི་བདུད་རྩིའི་ཐིགས་པ་རེ་རེ་བསགས་ནས་རྩ་ཆེའི་ངག་ཐོག་རིག་གནས་འདི་ཉིད་མྱུར་སྐྱོབ་འཚོལ་སྡུད་བྱས་པ་ཡིན། 2013ལོར་མགོ་བརྩམས་ཏེ་རྒྱུ་ཆ་འཚོལ་སྡུད་དང་སྒྲ་ལེན། ཡིག་ཐོག་ཏུ་ཕབ་འབྲི། ཞུ་དག དཔེ་སྐྲུན་བཅས་ཀྱི་ལས་རིམ་བརྒྱུད་མཐར་ལོ་ངོ་ཕྱི་ནང་གསུམ་ལྷག་ལ་འབད་དེ་ལེགས་འགྲུབ་བྱུང་སོང་། འདི་ནི་མཚོ་སྔོན་པོའི་ཉེ་འཁོར་གྱི་དམངས་ཁྲོད་རིག་གནས་ཕྱོགས་བསྡུས་ཆ་ཚང་བ་ཞིག་དང་རིག་གནས་རྒྱུ་ཆའི་རིན་ཐང་སྔོག་འདོན་བྱས་པ་ཆེས་ལེགས་པ་ཞིག་ཏུ་འཁུམས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com