བྲག་དཀར་རྫོང་གིས་རྩོམ་རིག་དུས་དེབ《བྲག་དཀར》དངོས་སུ་འགྲེམ་སྤེལ་བྱས་པ།
རྒྱུས་ལོན་པ་ལྟར་ན། ཟླ5པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་རྩོམ་རིག་དུས་དེབ《བྲག་དཀར》དངོས་སུ་འགྲེམ་སྤེལ་བྱས། འདི་ལས་བྲག་དཀར་རྩོམ་རིག་གནས་མལ་གསར་པ་ཞིག་ཏུ་བསླེབས་པ་མཚོན་ཡོད།
རྩོམ་རིག་དུས་དེབ《བྲག་དཀར》ནི་བྲག་དཀར་རྫོང་གི་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ཅིག་ཡིན་པ་དང་། ལོ་གཅིག་གི་ནང་དུ་བསྡོམས་པས་འདོན་ཐེངས་བཞི་དང་། དེ་ལས་དེབ་གཉིས་བོད་ཡིག་དང་དེབ་གཉིས་རྒྱ་ཡིག་ཡིན། དེའི་ནང་དུ་བྲག་དཀར་གླེང་སྟེགས་དང་། རྩོམ་རབ་མཚམས་སྦྱོར། རྩོམ་པ་པོ་ངོ་སྤྲོད། སྒྲུང་གཏམ། ལྷུག་རྩོམ། དམངས་སྲོལ་སོགས་ལེ་ཚན་དགོས་མཁོ་ལྟར་བཀར་ཡོད་པ་དང་། ས་གནས་ཀྱི་ན་གཞོན་རྩོམ་པ་པོ་ཚོར་རྩོམ་རིག་གསར་རྩོམ་གྱི་གཤིན་ས་ལེགས་པོ་ཞིག་འདོན་སྤྲོད་བྱེད་པའི་ཆེད་ཡིན།
རྗེས་སུ་རྩོམ་རིག་དུས་དེབ《བྲག་དཀར》གྱིས་བློ་མཐུན་ཞི་ཅིན་ཕིན་གྱི་རིག་རྩལ་བྱ་བའི་གྲོས་ཚོགས་སྟེང་གི་གཏམ་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་གཙོ་བོས་རིག་རྩལ་གསར་རྩོམ་ལ་སྣེ་ཁྲིད་བྱས་ཏེ་དུས་རབས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་འདོད་བློ་ངོ་མ་མཚོན་པའི་བརྩམས་ཆོས་གང་མང་སྤེལ་ཞིང་། བྲག་དཀར་རྫོང་གི་རིག་གནས་དྲིལ་སྒྲོག་དང་ན་གཞོན་རྩོམ་པ་པོ་སྐྱེད་སྲིང་གི་ཆེད་དུ་ནུས་པ་ཡོད་ཚད་འདོན་སྲིད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com