ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང《སྤྲིན་གྱི་རྫི་བོ》འགྲེམ་སྤེལ་གནང་བ།
ཅོ་ནེ་ཡུམ་ཚེ་རིང་གིས་དེབ་གསར་ངོ་སྤྲོད་གནང་བཞིན་པ།
དེབ་གསར《སྤྲིན་གྱི་རྫི་བོ》།
འགྲེམ་སྤེལ་མཛད་སྒོའི་ཡུལ་དངོས།
སྤྱི་ཟླ12པའི་ཚེས24ཉིན། ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང་ཐོག་མ《སྤྲིན་གྱི་རྫི་བོའི》ཞེས་པའི་འགྲེམ་སྤེལ་མཛད་སྒོ་ཁྲེན་ཏུའུ་སྤོས་ལྡན་གྲོང་གི་ཆ་རུ་ལས་ཁྱིམ་དུ་སྤེལ་བ་དང་། མཛད་སྒོའི་ཐོག་རྩོམ་པ་པོ་རང་ཉིད་ཀྱིས་གསར་རྩོམ་གྱི་རྒྱུ་རྐྱེན་དང་བརྒྱུད་རིམ། དེ་བཞིན་སྐུལ་སློང་བཅས་ཀྱི་སྐོར་ངོ་སྤྲོད་གནང་། བོད་ཀྱི་རྩོམ་པ་པོ་དང་ཡིག་གཟུགས་མཁས་ཅན་ཁག་གིས་བརྙན་ལམ་བརྒྱུད་དེ་ཁོང་གི་འགྲེམ་སྤེལ་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ད་དུང་བོད་ཀྱི་ལས་རིགས་ཁག་གི་རིགས་གཅིག་མཁས་པ་དང་རིག་གནས་པ་མང་པོ་མཛད་སྒོའི་ཡུལ་དངོས་སུ་ཕེབས་ཡོད། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་སི་ཁྲོན་མི་རིགས་རླུང་འཕྲིན་ལས་ཁུངས། ཁམས་པ་བརྙན་འཕྲིན་ཁང་སོགས་བོད་ཀྱི་སྨྱན་སྦྱོར་ཚན་པ་ཁག་གིས་མཛད་སྒོའི་གནས་ཚུལ་གསར་སྤེལ་བྱས།
ཅོ་ནེ་ཡུམ་ཚེ་རིང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་མི་ཡིན། སྤྱི་ལོ1996ལོ་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་། ད་ལྟའི་བར་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་བརྩམས་པའི་རིག་གཞུང་ཆེད་རྩོམ་དང་རྩོམ་རིག་བརྩམས་ཆོས་མང་པོ་རིག་གཞུང་ཆེད་དེབ་དང་རྩོམ་རིག་དུས་དེབ་རྩེ་གྲའི་སྟེང་བཀོད་ཡོད་པ་དང་། རིམ་པ་ཁག་གི་བྱ་དགའ་ཡང་ཐེངས་མང་པོ་ཐོབ་ཡོད། ད་ལྟ་སི་ཁྲོན་རླུང་འཕྲིན་ལས་ཁུངས་ཀྱི་ཞུས་ཆེན་གཞོན་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་ཡིན་ལ། སི་ཁྲོན་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་ཀྲུང་གོའི་དེང་རབས་དང་ད་ལྟའི་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ་ཕྱི་མར་སློབ་གཉེར་བྱེད་བཞིན་ཡོད།
ཁོང་གི་སྒྲུང་རིང་ཐོག་མ《སྤྲིན་གྱི་རྫི་བོ》ཞེས་པ་འདི་ནི་སྤྱི་ལོ2014ལོ་ནས་བཟུང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་བྱེད་འགོ་བརྩམས་པ་ཡིན་ཞིང་། སྤྱི་ལོ2016ལོའི་ལོ་མཇུག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་མ་ཕྱི་མི་འདྲ་བ་གཉིས་ལེགས་འགྲུབ་བྱུང་པ་རེད། ད་ལྟ་ཁྲོམ་རའི་ཐོག་སྒྲུང་རིང་འདིའི་རྒྱ་ཡིག་དཔར་མ་མ་གཏོགས་བཀྲམ་མེད་མོད། ཡིན་ནའང་མི་འགྱངས་བར་བོད་ཡིག་དཔར་མ་པར་སྐྲུན་བྱ་རྒྱུའི་གཏམ་བཟང་གོ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com