《མེ་ལོང་ནང་གི་འདམ་གཞུང》ངོ་སྤྲོད་མདོར་བསྡུས།
《མེ་ལོང་ནང་གི་འདམ་གཞུང》ཞེས་པ་དཔེ་དེབ་འདི་ནི་བཀྲ་ཤིས་རྡོ་རྗེས་བརྩམས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
དཔེ་དེབ་འདིར་སྡེ་ཚན་ལྔ་རུ་ཕྱེས་ནས་འདམ་གཞུང་ཁུལ་གྱི་རང་བྱུང་ས་ཁམས་དང་འཚོ་བའི་རིག་གནས་ཞིབ་འབྲི་བྱས་ཡོད། དེ་ཡང་སྡེ་ཚན་དང་པོའི་ནང་འདམ་གཞུང་ཁུལ་གྱི་རང་བྱུང་ས་ཁམས་ཁོར་ཡུག་གི་བཀོད་པ་བྲིས་ཡོད། སྡེ་ཚན་གཉིས་པའི་ནང་འདམ་གཞུང་ཁུལ་གྱི་ལོ་རྒྱུས་འཕེལ་རིམ་ངོ་སྤྲོད་ཀྱི་རྨང་གཞིའི་ཐོག་ཁྱད་པར་འདམ་གཞུང་ཞེས་པའི་ས་མིང་འཐོབ་ཚུལ་དང་ཨ་པོ་ཧོར་ཞེས་འབོད་བརྡ་དེའི་རྒྱུ་མཚན་གླེང་ཡོད། སྡེ་ཚན་གསུམ་པའི་ནང་ངོ་མཚར་ཁྱད་དུ་འཕགས་པའི་གངས་རི་གཉན་ཆེན་ཐང་ལྷ་དང་མཚོ་ཆེན་གནམ་མཚོ་ཕྱུག་མོའི་ཡོན་ཏན་གསོལ་མཆོད་མང་དག་དང་སྦྲགས་ནས་ངོ་སྤྲོད་བྱས་ཡོད། སྡེ་ཚན་བཞིའི་ནང་འདམ་གཞུང་ཁུལ་དུ་ཡོད་པའི་གནས་དགོན་དང་མཆོད་རྟེན་དག་གི་དཀར་ཆག་ཞིབ་འབྲི་བྱས་ཡོད། སྡེ་ཚན་ལྔ་པའི་ནང་འདམ་གཞུང་ཁུལ་གྱི་བག་སྟོན་དང་གླུ་གར་རིག་གནས། འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་གྱི་འཕེལ་རྒྱས་སོགས་འདམ་གཞུང་འབྲོག་མིའི་བསམ་པའི་འཚོ་བའི་ཤེས་བྱ་ཐོར་བུ་ངོ་སྤྲོད་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com