《 བོད་ཀྱི་དེང་རབས་སྙན་ངག་གི་ཕྲན་དཔྱད》ཅེས་པ་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བྲག་རྡོའི་འཕྲིན་སྟེགས། དུས་ཚོད།:2019-02-02 09:05:00 ཀློག་གྲངས།:

     《བོད་ཀྱི་དེང་རབས་སྙན་ངག་གི་ཕྲན་དཔྱད》ཅེས་པའི་དེབ་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་འདི་ནི《གངས་རྒྱན་མེ་ཏོག》དུས་དེབ་ཀྱི“གསེར་གྱི་ཐིག་ལེ”དང“སྐད་ཆའི་ཕྱི་ནང”གཉིས་ཀྱི་ལེ་ཚན་གཞིར་བྱས། དུས་དེབ་གསར་དུ་བཏོན་པ་ནས་ལོ་ངོ་སུམ་ཅུའི་རིང་གི་དུས་དེབ་ཏུ་བཀོད་པའི་སྙན་ངག་གི་ཕྲན་དཔྱད་དག་ལས་ལེགས་གྲས་རྣམས་བདམས་ནས་ཕྱོགས་བསྒྲིགས་བྱས་པ་ཡིན་ལ་བོད་ཀྱི་དེང་རབས་སྙན་གི་ཕྲན་དཔྱད་ཕྱོགས་བསྒྲིགས་དེབ་ཐོག་མའང་ཡིན། ད་ལྟ་ཕྱོགས་བསྒྲིགས་དེབ་འདི་ཡོངས་སུ་གྲུབ་ནས་དངོས་སུ་འགྲེམས་སྤེལ་བྱས་ཏེ་གངས་རྒྱན་མེ་ཏོག་དུས་དེབ་སྤེལ་ནས་ལོ་འཁོར་སུམ་ཅུ་ལོན་པའི་ལེགས་སྐྱེས་སུ་ཕུལ་བ་ཡིན།
     དེབ་འདིར་བཀོད་པའི་ཕྲན་དཔྱད་ཀྱི་རྩོམ་པ་པོའི་ཁྱབ་ཁོངས་སུ་མདོ་དབུས་ཁམས་གསུམ་གྱི་རྩོམ་རིག་གསར་རྩོམ་དང་དཔྱད་བརྗོད་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་པའི་རྩོམ་པ་པོ་གཞོན་དར་རྒན་གསུམ་འདུས་ཤིང་། བརྩམས་ཆོས་རྣམས་ལ་གཞུང་ལུགས་ཀྱི་ཁུངས་བཙུན་ཞིང་གཏན་ཚིགས་ཀྱི་ཚིག་རྣོ་བ། དཔྱད་བརྗོད་ཀྱི་རྣལ་ཐོན་ཞིང་དབྱེ་ཞིབ་ཀྱི་མཐིལ་བརྟོལ་བ་སྟེ། མདོར་ན་སྙན་ངག་སོ་སོའི་ཚིག་གི་སྒྱུ་རྩལ་དང་དོན་གྱི་ཟབ་ཚད་གང་ཆ་ལའང་དཔྱོད་པའི་བློ་མིག་གིས་ཡང་ཡང་བརྡར་ནས་དོན་གྱི་གནད་འབྱིན་ཅིང་ཚིག་གི་དག་ཐོན་ཡོད་པའི་ཁྱད་ཆོས་ལྡན་པས། བོད་ཀྱི་དེང་རབས་སྙན་ངག་གི་དཔྱད་བརྗོད་ཀྱི་ལས་དོན་དང་སྒོས་སུ་སྙན་ངག་གསར་བའི་གཞུང་ལུགས་ཡག་པོ་ཞིག་ཆགས་པར་ཕྱ་ར་གྲུ་འདེགས་སུ་སྨན་པར་ཡིད་ཆེས་ཀྱི་སེམས་རྩ་ཅུང་ཙམ་མཐོ།
     མཐར《བོད་ཀྱི་དེང་རབས་སྙན་ངག་གི་ཕྲན་དཔྱད》ཅེས་པའི་དེབ་འདིས་བོད་ཀྱི་རྩོམ་རིག་ལ་རྔོ་རེ་ཐོགས་ན་དགེ་བའི་ཚོགས་སུ་བསྔོའོ། ། 

2019ལོའི་ཟླ1པའི་ཚེས23ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།