《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་སྔོན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷ་ཡིས་བརྩམས་པའི《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
དེབ་འདི་ནི་དགེ་རྒན་བཀྲ་བྷ་ལགས་ཀྱིས་ལོ་ངོ་མང་པོར་ཞང་ཞུང་པའི་རཱ་མ་ཎའི་རྟོགས་བརྗོད་སློབ་ཁྲིད་དང་ཞིབ་འཇུག་ལས་ཐོན་པའི་འབྲས་བུ་གསར་བ་ཞིག་སྟེ། སྒྲིག་གཞིའི་ཐད་ལ་མིང་འགྲེལ་དང་ཚིག་འགྲེལ། དོན་འགྲེལ། ཕྲན་དཔྱད་བཅས་ཚན་བཞི་རུ་དབྱེ་ཡོད་ཅིང་། འགྲེལ་པ་འདི་ལ་བརྗོད་དོན་གསལ་ཞིང་གོ་སླ་བའི་ཁྱད་ཆོས་ལྡན་པར་མ་ཟད། དཔེ་ཁྲིད་ལ་མ་བརྟེན་པར་རང་སྦྱོང་བྱས་ཀྱང་སྙན་ངག་གི་བསྟན་བཅོས་གྲགས་ཅན་འདི་ཉིད་ཀྱི་དོན་རྟོགས་ཐུབ་པའི་ཁྱད་ཆོས་མངའ་འོ། །
དེབ་འདི་ནི《བོད་ཀྱི་རྩོམ་རིག་ཞིབ་འཇུག་དཔེ་ཚོགས》གྲས་སུ་གཏོགས་ཏེ། དཔེ་ཚོགས་འདིར་སྔ་ཕྱིར《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》དང་། 《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》《རྩོམ་རིག•གསར་རྩོམ•དཔྱད་བརྗོད》《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》《བོན་གྱི་ལྷ་རབས་ལ་དཔྱད་པ》《བོད་ཀྱི་དེབ་རབས་སྙན་ངག་རིག་པ》《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ》《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》《ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག》སོགས་པར་བསྐྲུན་བྱས་ཡོད་དོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com