«ཨ་ཧྥན་ཏཱ2»རྒྱལ་ནང་ནས་སྟོན་པའི་དུས་ཚོད་གཏན་འཁེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2022-11-24 08:41:37 ཀློག་གྲངས།:
       གྲོགས་པོ་ཚོ། གཏམ་བཟང་ཞིག་ཡོད། ཚེས23ཉིན། ཀྲན་མུའུ་སི·ཁཱ་མའེ་ལུང་གིས་འཁྲབ་ཁྲིད་བྱས་པའི་ཚན་འཕྲུལ་དྲག་རྩལ་གློག་བརྙན་གྲགས་ཅན«ཨ་ཧྥན་ཏཱ། ཆུའི་ལམ»ཡང་ན«ཨ་ཧྥན་ཏཱ2»དེ། ད་ལོའི་ཟླ12པའི་ཚེས16ཉིན། ཀྲུང་གོའི་ནང་ས་རུ་སྟོན་རྒྱུ་ཁྱབ་བསྒྲགས་བྱས་འདུག །
       «ཨ་ཧྥན་ཏཱ2»ཡི་རིང་ཚད་ནི་ཆུ་ཚོད་གསུམ་ལས་བརྒལ་ཞིང་། 2009ལོའི«ཨ་ཧྥན་ཏཱ»ཡི་མུ་འབྲེལ་གློག་བརྙན་ཡིན། སྔར་གྱི་བརྗོད་བྱ་གཙོ་བོ་ནི། གནམ་དབྱིངས་དང་སྐམ་སའི་བར་ནས་བྱུང་བའི་སྣང་ཚུལ་འདྲ་མིན་མང་ཡང་། ཐེངས་འདིར་གཙོ་བོ། ཆུའི་ངོས་དང་ཆུའི་གཏིང་རིམ་སོགས་ཡིན་ལ། འཛམ་གླིང་གི་མཛེས་སྡུག་གཞན་ཞིག །གཟིགས་མོ་བའི་སྤྱན་ལམ་དུ་མངོན་པར་བྱས་ཡོད། ལོ་ངོ་བཅུ་གསུམ་གོང་གི«ཨ་ཧྥན་ཏཱ»ཡིས། གློག་བརྙན་འཛིན་ཡིག་ཨ་སྒོར་དུང་ཕྱུར30ལ་ཉེ་བར་བཙོང་ཞིང་། མིག་སྔར། ད་དུང་། ལོ་རྒྱུས་སྟེང་འཛམ་གླིང་གི་གློག་བརྙན་འཛིན་ཡིག་བཙོང་ཚད་ཆེས་མཐོ་བའི་མཚན་སྙན་བཟུང་ཡོད།
       ད་ཐེངས་ཀྱི«ཨ་ཧྥན་ཏཱ2»ལ། དེ་ལྟ་བུའི་མཚན་སྙན་ཞིག་ཐོབ་སྲིད་དམ། ང་ཚོས་ཟླ12པའི་ཚེས16གི་རྗེས་ནས། དེའི་ཐད་གླེང་མོལ་བྱ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།