བོད་ཀྱི་ཕོ་བྲང་གླུ་གར་མཆོད་སྤྲིན་གར་གླེང་།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-04-07 09:02:20
ཀློག་གྲངས།:
རྒྱལ་ཁབ་རིམ་པའི་གར་གྱི་རྒྱུད་འཛིན་པ་རྒན་བཀྲ་ཤིས་ཚེ་རིང་ལགས་ལ་བགྲོ་གླེང་བཅར་འདྲི་ཞུས་པ།
ཀློག་པ་པོ་ལགས། ལོ་རྒྱུས་ཀྱི་ཤོག་ལྷེ་ཁ་ཕྱེ་ཚེ། སྔོན་མ་བོད་དུ་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་མཆོད་སྤྲིན་གར་རོལ་ཞེས་པ་ལས་ཉམས་ཆོས་འབུམ་གྱིས་ཕྱུག་པའི་གླུ་གར་སྒྱུ་རྩལ་གྱི་གཙུག་ཕུད་གར་ཞེས་པ་ཞིག་འཁྲབ་སྲོལ་ཡོད་པ་ཁྱེད་ལ་ཐུགས་རྒྱུས་ཨེ་ཡོད། རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་སློབ་མ་ཀཱ་ལ་དབང་པོ་དང་ཁོང་གི་སློབ་མ་གར་ཕྲུག་ཚོ།

གར་དེ་ནི་ཐོག་མར་ལ་དྭགས་དང་གཞིས་ཀ་རྩེ་སོགས་བོད་ཀྱི་སྟོད་རྒྱུད་ས་ཆ་ནས་རིམ་བཞིན་ལྷ་སར་དར་བ་ཞིག་ཡིན་ཞིང་། དེ་ནི་ད་ཡོད་ཀྲུང་གོའི་མི་རིགས་སྲོལ་རྒྱུན་གླུ་གར་མང་པོའི་ཁྲོད་ཆེད་དམིགས་སུ་ཕོ་བྲང་ནང་འཁྲབ་སྲོལ་ལྡན་པའི་ཕོ་བྲང་གི་གླུ་གར་རིགས་ཤིག་ཡིན་ལ། སྔ་རབས་སུ་བོད་ས་གནས་སྲིད་གཞུང་གིས་དོ་དམ་དང་སྒྲིག་འཛུགས་བྱེད་པའི་ཆེད་ལས་རང་བཞིན་གྱི་སྲོལ་རྒྱུན་གླུ་གར་སྒྱུ་རྩལ་གྱི་མཆོད་སྤྲིན་ཞིག་རེད།
རྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཟེར་བ་ལྟར། དེ་འདྲའི་སྔ་རབས་བོད་ཀྱི་ཕོ་བྲང་གི་མཆོད་སྤྲིན་གར་དེ་ཡང་སྙིང་གླུ་གར་སྒྱུ་རྩལ་རིགས་ཅི་འདྲ་ཞིག་ཡིན་པ་དང་། ཕོ་བྲང་པོ་ཏ་ལར་ཇི་ལྟར་དར་ཚུལ། དེར་དམིགས་བསལ་གྱི་ཁྱད་ཆོས་གང་མངའ་བ། རོལ་ཆ་དང་། འཁྲབ་ཆས། འཁྲབ་སྟངས་བཅས་ཅི་འདྲ་ཡིན་པ། འཁྲབ་མཁན་ལོ་ཆུང་གར་ཕྲུག་གི་སྐོར། དེ་བཞིན་ད་ལྟའི་ཆར་རྒྱུད་འཛིན་དང་སྲུང་སྐྱོང་གང་འདྲ་ཐུབ་པ་སོགས་ཀྱི་སྐོར་ལ་ལྷ་སར་བཞུགས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གར་གྱི་རྒྱུད་འཛིན་པ་རྒན་བཀྲ་ཤིས་ཚེ་རིང་ལགས་ལས་ཐུགས་རྒྱུས་ཟབ་པ་ཞིག་སྤྱིར་ན་དཀོན། གང་ལགས་ཤེ་ན། རྒན་ལགས་ཁོང་ནི་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཕོ་བྲང་པོ་ཏ་ལའི་ནང་གར་ཕྲུག་གནང་མྱོང་བ་མ་ཟད། ཕོ་བྲང་པོ་ཏ་ལའི་མཇུག་མཐའི་གར་ཕྲུག་ཅིག་ཡིན་པའི་ངོས་ནས། ཁོང་གི་མི་ཚེའི་ཆུ་ཀླུང་གར་གྱི་རླབས་ཕྲེང་དང་འགྲོགས་ནས་གངས་ལྗོངས་ས་མཐོར་བཞུར་ཞིང་། ཁོང་གི་ཐུགས་ནུས་མེ་ལྕེ་གར་གྱི་རྒྱུད་འཛིན་བྱ་བའི་རླུང་དང་འགྲོགས་ནས་གངས་འདབས་སུ་མཆེད།

གར་གྱི་རོལ་ཆའི་བྱེ་བྲག་གན་ཆག་གམ་པི་ཝང་རྒྱུད་གསུམ་པ།
ད་བར་རྒན་ལགས་ཁོང་གི་སོར་མོའི་འདུ་བྱེད་ལས་འཁྲུངས་པའི་རོལ་མོ་སྣ་ཚོགས་ཀྱི་འགྱུར་ཁུག་བར་ནས་མཆོད་སྤྲིན་གར་ཙམ་མ་ཟད། ནང་མ་སྟོད་གཞས་སོགས་རྒྱུད་འཛིན་དང་སྲུང་སྐྱོང་། དར་སྤེལ་བཅས་གང་ལེགས་ཐུབ་པ་དང་། ལྷག་པར་དུ་གར་གྱི་རོལ་ཆའི་བྱེ་བྲག་གན་ཆག་གམ་པི་ཝང་རྒྱུད་གསུམ་པའི་ཚེ་སྲོག་ཆུ་ལྷའི་ཉི་ཟེར་ལྟ་བུ་མིང་གི་ལྷག་མར་འགྱུར་ཉེའི་མཚམས་ནས་མྱུར་སྐྱོབ་གནང་བ། ད་དུང་བོད་ལྗོངས་ལྷ་མོ་ཚོགས་པ་དང་། ཉང་བྲན་ལྷ་མོ་ཚོགས་པར་གར་སློབ་ཁྲིད་བྱེད་ཞོར་གར་གྱི་སྒྱུ་རྩལ་ལ་དད་པའི་སློབ་མ་ཀཱ་ལ་དབང་པོ་སོགས་ཕྱི་རབས་ལོ་ཆུང་གཞོན་ནུ་མང་པོར་གར་སློབ་ཁྲིད་གནང་ནས་རྡོ་བ་ལག་རྒྱུད་ལྟར་གར་གྱི་རྒྱུད་འཛིན་པ་མང་དག་ཆར་རྗེས་ཀྱི་མྱུ་གུ་བཞིན་གསོ་སྐྱོང་གནང་དང་གནང་མུས་སུ་མཆིས། གསར་འགོད་པས་རྒན་བཀྲ་ཤིས་ཚེ་རིང་ལགས་ལ་བགྲོ་གླེང་བཅར་འདྲི་ཞུ་བཞིན་པ།

དེས་ན། གར་གྱི་སྐོར་ལ་གོང་སྨྲས་དྲི་བ་དེ་དག་གི་ལམ་ནས་རྒན་ལགས་ཁོང་ལ་བགྲོ་གླེང་བཅར་འདྲི་ཞུས་པའི་སྒྲ་ཕབ་དུམ་བུ་ཞིག་གཤམ་དུ་བཀོད་སྒྲིག་ཞུས་ཡོད་པས། ལྷན་རྒྱས་ནས་སྒྲ་ངོས་མཛུབ་མོས་མནན་རྗེས་ཞིབ་གསན་གནང་རྒྱུའི་རེ་བ་ཆེ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།