«དུས་རབས་གསར་པའི་ཏང་འཛུགས་སྐྲུན་དང་ཏང་གི་རྩ་འཛུགས་ལམ་ཕྱོགས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-04-30 08:10:58 ཀློག་གྲངས།:
       རྩ་འཛུགས་ལམ་ཕྱོགས་དེ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་རྒྱག་པ། ཏང་གི་རྩ་འཛུགས་ཀྱི་ལས་ཀ་ཡག་པོར་སྒྲུབ་པ་བཅས་ཀྱི་ཐད་དུ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ད་ལྟ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གསལ་པོར་འདོན་དགོས་ཀྱི་ཡོད་པ་གཤམ་གསལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྲུན་བྱ་རྒྱུ་གཙོ་བོར་འཛིན་པ། བློ་དཀར་སྤྱོད་གཙང་འཁུར་ལེན་གསུམ་ལྡན་པའི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ། རྒྱལ་གཅེས་དང་ལེགས་སྐྱེས་འབུལ་སེམས་ལྡན་པའི་ཕྱོགས་གང་ཅིའི་ཕུལ་བྱུང་ཤེས་ལྡན་མི་སྣ་སྡུད་རུབ་ཤུགས་ཆེན་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ལམ་གཙོ་བོར་འཛིན་ཞིང་འཇོན་ཐང་ཅན་བསྐོ་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་རིགས་པའི་གཞུང་ལུགས་ཀྱི་བདག་ཉིད་ཅན་ཡིན་ལ་ལག་ལེན་གྱི་བདག་ཉིད་ཅན་ཡང་ཡིན་པ་དང་། ཏང་འཛུགས་སྐྲུན་ཐད་ཀྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དོན་འཁྱོལ་བྱེད་པའི་ལག་ལེན་ནང་དུ་ལག་བསྟར་དོན་འཁྱོལ་ཏན་ཏིག་ཅིག་བྱེད་དགོས།
—«དུས་རབས་གསར་པའི་ཏང་འཛུགས་སྐྲུན་དང་ཏང་གི་རྩ་འཛུགས་ལམ་ཕྱོགས།» (༢༠༡༨ལོའི་ཟླ༧ཚེས༣ཉིན།) «ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ།» པོད་གསུམ་པ། ཕྱི་ཡིག་དཔེ་སྐྲུན་ཁང་གི༢༠༢༠ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༥༡༧པ།
  组织路线对坚持党的领导、加强党的建设、做好党的组织工作具有十分重要的意义。现在,需要明确提出新时代党的组织路线,这就是:全面贯彻新时代中国特色社会主义思想,以组织体系建设为重点,着力培养忠诚干净担当的高素质干部,着力集聚爱国奉献的各方面优秀人才,坚持德才兼备、以德为先、任人唯贤,为坚持和加强党的全面领导、坚持和发展中国特色社会主义提供坚强组织保证。新时代党的组织路线是理论的也是实践的,要在推进党的建设新的伟大工程、落实全面从严治党的实践中切实贯彻落实。
—《新时代党的建设和党的组织路线》(2018年7月3日),《习近平谈治国理政》第三卷,外文出版社2020年版,第517页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།