ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དང་ཡོངས་ཁྱབ་ཅན་བཅས་སུ་འགྱུར་བར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།»
«མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དང་ཡོངས་ཁྱབ་ཅན་བཅས་སུ་འགྱུར་བར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-10 08:17:11
ཀློག་གྲངས།:
ང་ཚོའི་ཏང་གིས་དུས་ནམ་ཡང་དཀའ་སྡུག་ཚད་མེད་སྤྱད་དེ་འོད་སྟོང་འཕྲོ་བའི་འགྲོ་ལམ་གསར་པ་བཏོད་ཐུབ་པའི་རྒྱུ་མཚན་གལ་ཆེན་ཞིག་ནི། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐོག་ནས་ཏང་འཛུགས་རྒྱུ་དང་། རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ་དང་། འཐབ་འཛིང་གི་ནུས་སྟོབས་ཆེན་པོ་མཐའ་འཁྱོངས་བྱུང་ཡོད་པའི་རྐྱེན་གྱིས་རེད། ང་ཚོས་དགེ་མཚན་ཐོབ་པ་དང་། རང་དབང་ཟིན་པ། འབྱུང་འགྱུར་རག་པ་བཅས་དང་། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་འགོག་རྐྱེན་དང་འགལ་རྐྱེན་གྱི་དགྲ་བགེགས་སྣ་ཚོགས་ཁྱད་དུ་གསད་དགོས་ན། ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཉིད་ཉེར་མཁོའི་འཇོན་ཐང་བྱས་ནས། མཐོང་རྒྱ་སྔར་བས་ཡངས་ཤིང་མིག་རྒྱང་དེ་བས་རིང་བའི་ཐོག་ནས་མ་འོངས་གོང་འཕེལ་ལ་འཕྲད་པར་འགྱུར་བའི་གནད་དོན་ཆེན་པོ་རབ་དང་རིམ་པར་བསམ་གཞིགས་བྱས་ཏེ་སྟངས་འཛིན་བྱེད་དགོས་པ་དང་། ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་སྤྱད་དེ་དངོས་ཡོད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ནུས་བསྟུད་མར་ཆེ་རུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྤྱད་དེ་ང་ཚོར་སློབ་སྟོན་གྱིས་འགྲན་སློང་ཆེན་པོར་ཁ་གཏད་འཇལ་བ་དང་། ཉེན་ཁ་ཚབས་ཆེན་འགོག་སྲུང་བྱེད་པ། འགོག་རྐྱེན་ཚབས་ཆེན་ཁྱད་དུ་གསོད་པ། འགལ་བ་ཆེན་པོ་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་བསྟུད་མར་ཆེ་རུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་སྤྱད་དེ་བསམ་བློར་དྲག་ཆས་སྤྲས་ཤིང་བསམ་བློ་གཅིག་སྒྲིལ་བྱེད་དགོས་པ་དང་། ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་དད་མོས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་སྲ་བརྟན་དུ་གཏོང་དགོས་ཤིང་། ཏང་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་ནུས་པ་དང་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།
—«མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དང་ཡོངས་ཁྱབ་ཅན་བཅས་སུ་འགྱུར་བར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།» (༢༠༡༧ལོའི་ཟླ༩ཚེས༢༩ཉིན།) ཞི་ཅིན་ཕིང་གི«ཞི་ཅིན་ཕིང་གི་ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༠ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༨༧པ་ནས༢༨༨པའི་བར།

我们党之所以能够不断历经艰难困苦创造新的辉煌,很重要的一条就是我们党始终重视思想建党、理论强党,坚持用科学理论武装广大党员、干部的头脑,使全党始终保持统一的思想、坚定的意志、强大的战斗力。我们要赢得优势、赢得主动、赢得未来,战胜前进道路上各种各样的拦路虎、绊脚石,必须把马克思主义作为看家本领,以更宽广的视野、更长远的眼光来思考把握未来发展面临的一系列重大问题,不断提高全党运用马克思主义分析和解决实际问题的能力,不断提高运用科学理论指导我们应对重大挑战、抵御重大风险、克服重大阻力、解决重大矛盾的能力。要坚持不懈用马克思主义中国化最新成果武装头脑、凝心聚魂,坚定全党马克思主义信仰和共产主义理想,不断提高全党特别是领导干部的理论思维能力和思想政治水平。
—《继续推进马克思主义中国化时代化大众化》(2017年9月29日),习近平《论党的宣传思想工作》,中央文献出版社2020年版,第287-288页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།