«རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-29 11:01:02 ཀློག་གྲངས།:
       སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་དོན་མཐའ་འཁྱོལ་རྒྱུ་ནི་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཡིན་པས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་གནད་དོན་ཚབས་ཆེན་ཐག་གཅོད་པ་ཁྲིད་ཕྱོགས་སུ་འཛིན་པ་དང་། བསྒྱུར་བཅོས་ཀྱི་ཐབས་ཚུལ་བཏོན་ཟིན་པ་རྣམས་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་དུས་ཐོག་ཏུ་བསྒྱུར་བཅོས་ཀྱི་བཅོས་གཞི་གསར་པ་གཏན་ལ་འབེབས་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་འབྲེལ་བའི་ཐབས་ཚུལ་གལ་ཆེན་ཁག་ཅིག་མགྱོགས་མྱུར་ངང་གནད་དུ་འཁྱོལ་བ་དང་ནུས་པ་ཐོན་པ་བྱེད་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དབང་གྲགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་རྒྱག་པ། རྒྱ་ཆེ་ལ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཐེ་ཞུགས་བྱེད་པ། ཚོང་ར་ཅན་དུ་གཉེར་སྐྱོང་བྱེད་པ། རྒྱུན་མཐུད་ཡོད་པ་བཅས་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པ་དང་། ཚོད་ལྟ་བྱས་ནས་ཉམས་མྱོང་གསོག་འཇོག་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཡིད་རྟོན་དཔྱད་འཇོག་དང་། ཆ་འཕྲིན་བཙན་ཤེད་རང་བཞིན་གྱིས་ཡོངས་བསྒྲགས་བྱེད་པ། ཉེས་ཆད་ནན་མོ་དང་དངུལ་ཆད་ལྕི་མོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
—«རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།» (༢༠༡༨ལོའི་ཟླ༥ཚེས༡༨ཉིན།) ཞི་ཅིན་ཕིང་གི«མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༩པ།
  加快推进生态文明体制改革落地见效。生态文明体制改革是全面深化改革的重要领域,要以解决生态环境领域突出问题为导向,抓好已出台改革举措的落地,及时制定新的改革方案。对涉及生态文明体制改革的一些重要举措要尽快到位、发挥作用。中央环境保护督察要强化权威,加强力量配备,向纵深发展。要探索政府主导、企业和社会各界参与、市场化运作、可持续的生态产品价值实现路径,开展试点,积累经验。要健全环保信用评价、信息强制性披露、严惩重罚等制度。
—《推动我国生态文明建设迈上新台阶》(2018年5月18日),习近平《论坚持人与自然和谐共生》,中央文献出版社2022年版,第19页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།