«འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-22 08:28:53 ཀློག་གྲངས།:
       འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་བཅས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། དོན་དངོས་ཀྱི་གཏན་ཚིགས་བཅས་ཀྱིས་ཐག་བཅད་པ་ཞིག་ཡིན་ཞིང་། དེ་གསུམ་བར་གྱི་འབྲེལ་བ་དམ་ཚགས་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དེས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་ཕྱོགས་གསལ་ངེས་བཟོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དེས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་མཛུབ་སྟོན་རྩ་དོན་གསལ་ངེས་བཟོས་ཤིང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་དེས་རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་དུ་འགྱུར་བའི་ཐབས་ལམ་གདམ་ག་གསལ་ངེས་བཟོས་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ངེས་ཤེས་འདྲོང་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པའི་དོན་དངོས་ཀྱི་གཞི་འཛིན་ས་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དེས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ངེས་ཤེས་འདྲོང་བ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་གོ་སྐབས་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཡིན།
—«འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་དགོས།» (༢༠༢༡ལོའི་ཟླ༡ཚེས༡༡ཉིན།) «ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ།»པོད་བཞི་པ། ཕྱི་ཡིག་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༧༨པ།
  进入新发展阶段、贯彻新发展理念、构建新发展格局,是由我国经济社会发展的理论逻辑、历史逻辑、现实逻辑决定的,三者紧密关联。进入新发展阶段明确了我国发展的历史方位,贯彻新发展理念明确了我国现代化建设的指导原则,构建新发展格局明确了我国经济现代化的路径选择。把握新发展阶段是贯彻新发展理念、构建新发展格局的现实依据,贯彻新发展理念为把握新发展阶段、构建新发展格局提供了行动指南,构建新发展格局则是应对新发展阶段机遇和挑战、贯彻新发展理念的战略选择。
—《加快构建新发展格局》(2021年1月11日),《习近平谈治国理政》第四卷,外文出版社2022年版,第178页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།