ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > པོ་ཏ་ལའི་རྟེན་རྫས་རྩ་ཆེན་སྐོར་ཞིག་སི་ཁྲོན་དུ་འགྲེམ་སྟོན་བྱས།
པོ་ཏ་ལའི་རྟེན་རྫས་རྩ་ཆེན་སྐོར་ཞིག་སི་ཁྲོན་དུ་འགྲེམ་སྟོན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-04-30 08:22:08
ཀློག་གྲངས།:
ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལོ་རེད། ཕོ་བྲང་པོ་ཏ་ལ། མཐོ་སྒང་གི་འཛམ་གླིང་རིག་གནས་ཤུལ་བཞག་ཅེས་པའི་དམིགས་བསལ་འགྲེམ་སྟོན་དེ་ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། སི་ཁྲོན་ཀོང་ཧན་དུ་ཡོད་པའི་སན་ཞིང་ཏུའེ་དངོས་མང་བཤམས་སྟོན་ཁང་དུ་འགོ་ཚུགས་པ་དང་། དེ་ནི་པོ་བྲང་པོ་ཏ་ལའི་རྟེན་རྫས་གལ་ཆེན་སྐོར་ཞིག་ཐེངས་དང་པོར་སི་ཁྲོན་ནས་འགྲེམ་སྟོན་བྱས་པ་རེད།

འཛམ་གླིང་ཡང་རྩེའི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་དུ་བསྔགས་པའི་ཕོ་བྲང་པོ་ཏ་ལ་ནི་སྙན་གྲགས་རབ་ཏུ་ཆེ་བའི་འཛམ་གླིང་རིག་གནས་ཤུལ་བཞག་ཅིག་ཡིན་པར་མ་ཟད། ཀྲུང་ཧྭའི་ཤེས་རིག་སྣ་མང་གཅིག་གྱུར་དང་། ཀྲུང་གོའི་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། འབྲེལ་འདྲིས་བཅས་བྱུང་བའི་དཔེ་མཚོན་གལ་ཆེན་ཞིག་ཀྱང་རེད།

ཐེངས་འདིའི་དམིགས་བསལ་འགྲེམ་སྟོན་དེ་སན་ཞིང་ཏུའེ་དངོས་མང་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་མཉམ་དུ་ཇུས་འགོད་བྱས་ཤིང་། དེའི་ནང་དུ་འཛུགས་སྐྲུན་བཟོ་བཀོད་དང་། རིན་ཆེན་གཅེས་ནོར། སྲུང་སྐྱོབ་དང་བེད་སྤྱོད་བཅས་ཁག་གསུམ་དང་། ཨང་ཀིའི་ཆེད་དོན་འགྲེམ་སྟོན་ཁང་བཅས་ཀྱིས་གྲུབ་ཡོད། ཕོ་བྲང་པོ་ཏ་ལ་རུ་ཉར་ཚགས་བྱས་པའི་ལྷ་སྐུ་དང་། ཐང་ག མཆོད་ཆ། རྒྱན་ཆས། འཚོ་བའི་ཡོ་ཆས། ཤིང་ཆས། གདོང་འབག་སོགས་ཁག110དང་རིགས186གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་པར་མ་ཟད། དེའི་ནང་གི་རྟེན་རྫས་གསུམ་ཆ་གཅིག་ཡན་ནི་ཐེངས་དང་པོར་ཕྱི་ལ་འགྲེམ་སྟོན་བྱས་པ་རེད།

འཛུགས་སྐྲུན་བཟོ་བཀོད་ཀྱི་ཁག་དེ་རུ་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་གྱི་བཀོད་པ་དང་ལོ་རྒྱུས་སྐོར་འགྲེམ་སྟོན་བྱས་ཤིང་། དེ་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཕོ་བྲང་དང་། རི་ལ་བརྟེན་ནས་བཞེངས་པའི་ཕོ་བྲང་སྟེ་ཁག་གཉིས་ཀྱིས་གྲུབ་ཡོད། དེ་རུ་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཟངས་སྐུ་དང་། ཆོས་རྒྱལ་སྒྲུབ་ཕུག་གི་དཔེ་དབྱིབས། འཛུགས་སྐྲུན་གྱི་རྒྱུ་ཆ་སོགས་ཀྱིས་གྲུབ་པའི་འགྲེམ་སྟོན་རྟེན་རྫས་དང་། ཡིག་རིས། འཛུགས་སྐྲུན་བཟོ་བཀོད་ཀྱི་དཔེ་དབྱིབས། ཨང་ཀིའི་བརྙན་རིས་སྒྱུ་རྩལ་སོགས་ལ་བརྟེན་ནས། ཕོ་བྲང་པོ་ཏ་ལའི་ལོ་ངོ་སྟོང་གི་འཛུགས་སྐྲུན་ལོ་རྒྱུས་ཀྱི་འཕེལ་རིམ་དང་། འཛུགས་སྐྲུན་བཟོ་བཀོད་ཀྱི་མཛེས་རིག་བློ་གྲོས་སོགས་ལེགས་པར་མཚོན་ཡོད།

རིན་ཆེན་གཅེས་ནོར་གྱི་ཁག་དེ་རུ་གོང་མས་གནང་བའི་རིན་པོ་ཆེ་དང་། སྒྱུ་རྩལ་རྟེན་རྫས། ཕོ་བྲང་ནང་གི་རྒྱན་ཆས། རྡོ་རྗེ་འཆམ་ལྭ་བཅས་ཁག་བཞི་ཡིས་གྲུབ་ཡོད། འགྲེམ་སྟོན་དངོས་རྫས་དང་ཕུན་སུམ་ཚོགས་པའི་ཡིག་རིས། འོས་ཤིང་འཚམ་པའི་ཨང་ཀིའི་འགྲེམ་སྟོན་སོགས་བརྒྱུད་ནས། ཕོ་བྲང་པོ་ཏ་ལ་རུ་ཉར་ཚགས་བྱས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རིག་གནས་དོན་སྙིང་འབུར་དུ་ཐོན་པར་བྱས་ཡོད།

ཕོ་བྲང་པོ་ཏ་ལའི་སྲུང་སྐྱོབ་བརྒྱུད་རིམ་ནི་རང་རྒྱལ་གྱིས་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཆེས་ཕུལ་དུ་བྱུང་བའི་དཔེ་མཚོན་ཞིག་ཡིན་ལ། སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཁག་དེ་ནི་འཛུགས་སྐྲུན་བཟོ་བཀོད་ཉམས་གསོ་དང་ལྡེབས་རིས་ཉམས་གསོ། གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་སོགས་ལས་གྲུབ་ཅིང་། ཁྱད་པར་དུ་ཏ་ལའི་ལོ་མའི་ཆོས་དཔེ་ཉམས་གསོ་བྱེད་པའི་ལག་ལེན་གྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ་རེད།

གླེང་རིན་ལྡན་པ་ཞིག་ནི། ཐེངས་འདིའི་འགྲེམ་སྟོན་དེ་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་བཟོ་བཀོད་ཀྱི་སྣང་བརྙན་འགྲེམ་སྟོན་དང་ལྡེབས་རིས་ཨང་ཀི་ཅན་དུ་བསྒྱུར་བའི་གྲུབ་འབྲས་འགྲེམ་སྟོན་ལ་བརྟེན་ནས། ཟུར་མང་པོ་ནས་རིག་གནས་སྒྱུ་རྩལ་གྱི་མཚར་སྡུག་མངོན་པར་བྱས་ཤིང་། འཛུགས་སྐྲུན་བཟོ་བཀོད་ཀྱི་མཚར་སྡུག་དེ་སྣང་བརྙན་སྒྱུ་རྩལ་གྱི་ལམ་ནས་གསོན་ཤུགས་རྒྱས་སུ་བཅུག་པ་དང་། མི་ལོ་སྟོང་ཕྲག་གི་ལྡེབས་རིས་དེ་ཨང་ཀི་ཅན་གྱི་ལམ་ནས་མཚར་སྡུག་གི་བཞིན་རས་གསར་དུ་མངོན་པར་བྱས་པས། ལོ་རྒྱུས་ཀྱི་གཏིང་ཟབ་པ་དང་། ཚན་རྩལ་གྱིས་མཛེས་པས་བརྒྱན་པའི་སྟོན་མོ་རྒྱ་ཆེན་པོ་ཞིག་བཤམས་པ་རེད།

ཐེངས་འདིའི་འགྲེམ་སྟོན་དེ2025ལོའི་ཟླ་བརྒྱད་པའི་ཚེས་སོ་གཅིག་བར་དུ་སྤེལ་རྒྱུ་ཡིན་ལ། སན་ཞིང་ཏུའེ་དངོས་མང་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་གཉིས་ཀྱིས་ད་དུང་མཉམ་འབྲེལ་སྒོས་རིག་གཞུང་འཆད་ཁྲིད་དང་། སློབ་གསོ་ཉམས་ཞིབ། རྟེན་རྫས་འགྲེལ་བཤད་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།