ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > “སྐལ་བཟང་ཡར་བསྟོད”ཅེས་པའི་བོད་ཀྱི་བཟོ་རིག་མཛེས་རྩལ་བརྩམས་ཆོས་སྐོར་སྐྱོད་འགྲེམ་སྟོན་གྱི་མགོ་ཚུགས་པ།
“སྐལ་བཟང་ཡར་བསྟོད”ཅེས་པའི་བོད་ཀྱི་བཟོ་རིག་མཛེས་རྩལ་བརྩམས་ཆོས་སྐོར་སྐྱོད་འགྲེམ་སྟོན་གྱི་མགོ་ཚུགས་པ།
རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2025-04-22 08:21:36
ཀློག་གྲངས།:
“སྐལ་བཟང་ཡར་བསྟོད”ཅེས་པའི་བོད་ཀྱི་བཟོ་རིག་མཛེས་རྩལ་བརྩམས་ཆོས་སྐོར་སྐྱོད་འགྲེམ་སྟོན་གྱི་མགོ་ཚུགས་མཛད་སྒོ་ཚེས9ཉིན་བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་བ་རེད། ཐང་ག་དང་ལྕགས་རིགས་རྡུང་བཟོ། བོད་གདན་བསླས་འཐག བརྐོས་རིས་སོགས་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་བཟོ་རིག་མཛེས་རྩལ་གྱི་སློབ་དཔོན་ཆེན་མོ་དང་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པ། སྒྱུ་རྩལ་པ་དར་གཞོན་གྱི་སྤུས་ལེགས་བརྩམས་ཆོས100ལྷག་འགྲེམ་སྟོན་བྱས།

ཐེངས་འདིའི་སྐོར་སྐྱོད་འགྲེམ་སྟོན་ནི་བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་རོགས་དངུལ་བཏང་བ་ཡིན་ལ། དེའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་བཟོ་རིག་མཛེས་རྩལ་གསོན་ཉམས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཚེ་རིང་གིས་བཤད་རྒྱུར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་གི་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་དྲིལ་སྒྲོག་དང་། ཐེངས་འདིའི་སྐོར་སྐྱོད་འགྲེམ་སྟོན་རྣམ་གྲངས་སྤུས་ཚད་མཐོ་བའི་ལེགས་འགྲུབ་ཡོང་ཆེད། ང་ཚོས་དུས་མགོ་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)གྱི་རིམ་པ་གསུམ་གྱི་བཟོ་རིག་མཛེས་རྩལ་གྱི་སློབ་དཔོན་ཆེན་མོ་དང་། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པ250ལྷག་གིས་བདམས་སྐྱེལ་བྱས་པའི་བརྩམས་ཆོས468ནང་ཞིབ་འབྱེད་གདམ་གསེས་བྱས་ཏེ། མཇུག་མཐར་སྒྱུ་རྩལ་པ75ཡི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས100འགྲེམ་སྟོན་ནང་ཞུགས་ཡོད་པས། ཐེངས་འདིའི་སྐོར་སྐྱོད་འགྲེམ་སྟོན་ནི་གནའ་དེང་ལྷན་དུ་འདྲེས་པ་དང་ཁོངས་ཡོངས་སྡུད་རུབ། ཁྱད་ཆོས་ཐུན་མོང་མ་ཡིན་པ། གྲུབ་འབྲས་གཡུར་དུ་ཟ་བའི་ཁྱད་ལྡན་གྱི་རིག་གནས་གསོལ་སྟོན་གཟབ་རྒྱས་ཞིག་ཡིན་ཞེས་བཤད་ཆོག

གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། ལྷ་སའི་ས་ཚིགས་ཀྱི་འགྲེམ་སྟོན་ནི་དུམ་ཚན3གྱི་གྲུབ་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་གྱི་རིགས་ཆེན་པོ9དང་བརྩམས་ཆོས་སྣ་ཁ38ཀྱི་ནང་དོན་འདུས་ཡོད་ལ། དེའི་ནང་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་ཐང་ག་ཡོད་པ་མ་ཟད། དེང་རབས་ཀྱི་མཛེས་དཔྱོད་འདྲེས་པའི་བརྩམ་གཞི་གསར་བའི་ཐང་གའང་ཡོད་པས། བོད་ལྗོངས་བཟོ་རིག་མཛེས་རྩལ་གྱི་སྣ་མང་ཡིད་དབང་འཕྲོག་ཤུགས་གཅིག་སྡུད་མངོན་ཡོད།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དམའ་འབྲིང་གི་མཛེས་རྩལ་དགེ་རྒན་ནམ་ལྷ་ས་གྲོང་ཁྱེར་བཟོ་རིག་མཛེས་རྩལ་སློབ་དཔོན་ཆེན་མོ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། ཐེངས་འདིའི་འགྲེམ་སྟོན་ནང་ཞུགས་པའི་བརྩམས་ཆོས་ནི་རྟ་ཐོག་ཕོར་བ་ཞིག་ཡིན་ལ། སྲོལ་རྒྱུན་གྱི་རྫ་དཀར་བཟོ་བའི་ལག་རྩལ་འདི་ནི་ནང་ལོག་ས་ཁུལ་ནས་དར་བ་དང་རྗེས་སུ་ལག་ཤེས་འབྲི་བཞེངས་ཀྱི་བོད་ལུགས་སྲོལ་རྒྱུན་མཛེས་བཟོའི་རི་མོར་ཟུང་འབྲེལ་བྱས་པས། དེ་ནི་རྒྱ་བོད་མི་རིགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་དཔང་པོ་ཡིན།ཤེས་གསལ་ལྟར་ན། ཐེངས་འདིའི་སྐོར་སྐྱོད་འགྲེམ་སྟོན་དུས་ཡུན་ཟླ4རིང་སྤེལ་རྒྱུ་ཡིན་ལ། ས་ཚིགས་ཐོག་མ་བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་བ་དང་ས་ཚིགས་གཉིས་པ་ལྷོ་ཁ་དངོས་མང་བཤམ་སྟོན་ཁང་དང་། ས་ཚིགས་གསུམ་པ་གཞིས་ཀ་རྩེ་དངོས་མང་བཤམ་སྟོན་ཁང་། མཇུག་བསྡུའི་འགྲེམ་སྟོན་ཉིང་ཁྲི་མཛེས་རྩལ་ཁང་དུ་སྤེལ་རྒྱུ་གཏན་འཁེལ་བྱས་ཡོད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།