རྒྱལ་སྤྱིའི་མདའ་རྩལ་འགྲན་སྡུར་སྐབས་དགུ་པ་རྐང་ཚ་རྫོང་དུ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:མདོ་ལ་བོད་ཡིག་ཚགས་པར། དུས་ཚོད།:2024-07-22 15:49:55 ཀློག་གྲངས།:
2024ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་དགུ་པ་རྐང་ཚ་རྫོང་དུ་འཚོགས་མགོ་བརྩམས།
 
       ཟླ7པའི་ཚེས20ཉིན་གྱི་དགོང་མོར། 2024ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་དགུ་པ་རྐང་ཚ་རྫོང་གི་མཚོ་སྐོར་རྟ་རྒྱུག་ར་བར་འཚོགས་མགོ་བརྩམས་ལ། རྒྱལ་ཁབ་དང་ས་ཁུལ22ཀྱི་འགྲན་ཞུགས་པ1100ལྷག་ཙམ་གྱིས་མདའ་ལ་བརྟེན་ནས་གྲོགས་པོར་མཉམ་འཛོམས་བྱས་ཏེ་རྐང་ཚ་རུ་འཛོམས་ཤིང་། དུས་ཡུན་ཉིན3ནང་འགྲན་སྡུར་ལ་ཞུགས་པའི་རུ་ཁག་སོ་སོས་དེང་རབས་ཀྱི་སྲོལ་རྒྱུན་གཞུ་དང་ལྕགས་གཞུ་གཞུ་ལེབ། རྭ་གཞུ། ལྕགས་གཞུ་འཁོར་ལོ་མ་སོགས་ཚོགས་པ་ལྔའི་འགྲན་སྡུར་རྣམ་གྲངས་ལ་ཞུགས་ནས་འགྲན་སྡུར་བྱ་རྒྱུ་རེད།
       མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཧན་ཧྲིན་ཧྭ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིག་ཞིན་ཧའེ། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝན་བཀྲ་ཤིས་དོན་འགྲུབ། མཚོ་བྱང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་སོགས་མགོ་ཁྲིད་མགོ་རྩོམ་མཛད་སྒོར་ཞུགས།
       ཐེངས་འདིའི་འགྲན་སྡུར་ནི་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་དང་། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་ལ། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་སྡུར་དོ་དམ་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས། རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད།
       ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྤེལ་བ་ནས་བཟུང་། མི་རིགས་ཀྱི་སྲོལ་རྒྱུན་རྒྱུན་ཆད་མེད་པར་དར་སྤེལ་དང་མདའ་འཕེན་ལག་རྩལ་ཁྱབ་གདལ་བཏང་སྟེ་ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་གཅིག་སྡུད་བྱས་ཡོད་པས། རང་རྒྱལ་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་ཁྲོད་ཚད་གཞི་མཐོ་ཤོས་དང་གྲངས་ཉུང་མི་རིགས་ཀྱི་འགྲན་ཞུགས་པ་མང་ཤོས། འགྲན་སྡུར་ནང་ཞུགས་པའི་རྒྱལ་ཁབ་དང་ས་ཁུལ་རྒྱ་ཆེ་ཤོས། གཞུ་རིགས་དང་རྣམ་གྲངས་ཆ་ཚང་ཤོས་བཅས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ཆས་རྟགས་འགྲན་སྡུར་ཞིག་ཏུ་གྱུར་ཡོད། སྐབས་འདིའི་འགྲན་སྡུར་གྱིས་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན། མདའ་འཕེན་ལག་རྩལ་བཅས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་འགན་སྒྲུབ་གནང་ཡུལ་གྱི་ས་གནས་དེ་གའི་མདའ་འཕེན་ལུས་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་པར་བྱས་ཏེ“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རང་ཞིང་གི་དམངས་ཡོངས་ཀྱི་ལུས་སྦྱོང་དང་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
       མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་རྒྱུན་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྐང་ཚ་རྫོང་གིས་བསྟུད་མར་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གཉེར་ནས་མི་རིགས་ཀྱི་སྲོལ་རྒྱུན་རྩལ་འགྲན་ལུས་རྩལ་དང་མི་རིགས་ཀྱི་སྙིང་སྟོབས་ཟུང་འབྲེལ་དམ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། དུས་རབས་གསར་པའི་མི་རིགས་ཀྱི་ཉམས་འགྱུར་མངོན་པ་དང་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་གཏིང་ཟབ་ཏུ་ཕྱིན་ལ། མི་རིགས་སོ་སོས་ཕན་ཚུན་ལ་རོགས་རེས་བྱེད་པའི་བློ་ཁ་ཆེ་རུ་ཕྱིན་ནས་ཀྲུང་ཧྭའི་རིགས་སོ་སོའི་བུ་བུ་མོ་ཚོས་འབད་བརྩོན་ལྷོད་མེད་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་འཛམ་གླིང་གི་མི་རིགས་སོ་སོ་དང་བརྗེ་རེས་འགྲོ་འོང་བྱེད་པའི་མི་རིགས་ཀྱི་རང་རྟོན་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་ད་ལོ་ནས་བཟུང་མཚོ་བྱང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྩོམ་ཡིག་ཡག་པོར་བྲིས་ནས“ལུས་རྩལ+ཡུལ་སྐོར+རིག་གནས”ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ་ལུས་རྩལ་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བས“ལུས་རྩལ+”ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད།               
       རྐང་ཚ་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་བ་དང་ཆོས་ལུགས་མང་བ། རིག་གནས་མང་པོ་བཅས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ས་ཁུལ་ཞིག་ཡིན། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་འགན་སྒྲུབ་གནང་བའི་ཁྲོད་ཐོག་མཐའ་བར་གསུམ་དུ“དྲིན་ཚོར་དང་མཐུན་སྒྲིལ། མདུན་སྐྱོད”བཅས་ཀྱི་བརྗོད་དོན་རྒྱུན་འཛིན་དང་། “དེ་བས་མགྱོགས་པ་དང་དེ་བས་མཐོ་བ། དེ་བས་སྟོབས་ཆེའི”ལུས་རྩལ་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། མི་རིགས་ལུས་རྩལ་འགྲན་སྡུར་ལས་བརྒལ་ཕོད་པའི་རིན་ཐང་དོན་གཉེར་མངོན་པར་བྱས་ཤིང་། མདའ་འཕེན་འགྲན་སྡུར་དང་སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར། བརྗེ་རེས་མཉམ་ལས་བཅས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་བརྗེ་རེས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་རྐང་ཚའི་སྐྱེ་ཁམས་ཀྱི་མཛེས་པ་དང་འཕེལ་རྒྱས་ཀྱི་མཛེས་པ། སྤྱི་ཚོགས་རིག་གནས་སྣ་ཚོགས་ཀྱི་མཛེས་པ་བཅས་མངོན་པར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་མངོན་པར་བྱས་ནས་འཛམ་གླིང་གིས་རྐང་ཚ་མཐོང་ཐུབ་པ་དང་རྐང་ཚས་འཛམ་གླིང་བསུ་ཐུབ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་འཛམ་གླིང་བརྗེ་རེས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་བཏོད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།