2024ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་ལོ་ཙཱའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་མཚོ་ལྷོར་བསྡུས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-09 20:36:04 ཀློག་གྲངས།:
       ཟླ7པའི་ཚེས8ཉིན། མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་མཉམ་སྒྲུབ་དང་ཁུལ་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི2024ལོའི་མཚོ་ལྷོ་ཁུལ་གྱི་གཞི་རིམ་རྒྱ་བོད་ལོ་ཙཱའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭའི་ནང་བསྡུས། དུས་ཡུན་ཉིན5རིང་ཁུལ་དང་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྫོང་ཁག་གི་སྨྱན་སྦྱོར་ལྟེ་གནས། ཤང་གྲོང་ཁག་གི་ལོ་ཙཱའི་ལས་དོན་སྒྲུབ་པའི་རྐང་འཛིན་པ35ཐེངས་འདིའི་གསོ་སྦྱོང་ནང་ཞུགས།
       ཐེངས་འདིའི་གསོ་སྦྱོང་སྟེང་མཚོ་ལྷོ་ཏང་གི་སློབ་གྲྭའི་དགེ་རྒན་གདུགས་དཀར་རྒྱལ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་མཚོ་སྔོན་སྤྱི་ཚོགས་ཚན་རིག་བོད་ཡིག་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་བོད་རིག་པའི་ཞིབ་འཇུག་པ་འཇམ་དབྱངས་དར་རྒྱས་ལགས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་རྡོ་རྗེ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ། མཚོ་སྔོན་ཞིང་ཆེན་ཉེན་རྟོག་ལས་རིགས་སློབ་གླིང་གི་དགེ་རྒན་ལྷ་དཔལ་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་དཔལ་འབྱོར་ཚེ་རིང་སོགས་གདན་ཞུ་གནང་སྟེ«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ཆད་གཅོད་སྲོལ་ཡིག་གི་ཀློག་འགྲེལ»དང«རྒྱའི་གནའ་བོའི་དེབ་ཐེར་ཁྲོད་ཀྱི་བོད་ཀྱི་སྐོར་བོད་ཡིག་ཏུ་བསྒྱུར་ཚུལ་དང་འབྲེལ་ཡོད་གནད་དོན་སྐོར» «བརྡ་ཆད་གསར་པ་བསྒྱུར་བའི་རྩ་དོན་དང་ཐབས་ལམ་བཤད་པ»སོགས་ཀྱིས་མཚོན་པའི་ཟུར་མི་འདྲ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཁྲིད་བཀོད་སྒྲིག་གནང་ཡོད་ལ། དེ་མིན་རྒྱ་བོད་བརྡ་ཆད་གསར་པ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བགྲོ་གླེང་དང་སློབ་ཕྱིའི་བྱ་འགུལ་རེ་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།
       ཐེངས་འདིའི་གསོ་སྦྱོང་ནི་ལོ་ཙཱའི་སྤུས་ཚད་མཐོར་འདེགས་དང་ལོ་ཙཱའི་དཔུང་སྡེའི་ལས་སྒོ་འཛུགས་སྐྱོང་ལ་ཤུགས་སྣོན། ལོ་ཙཱའི་དཔུང་སྡེ་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རང་ཁུལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། གཞུང་ཡིག་རྩོམ་འབྲི་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། གཞུང་ཡིག་ལོ་ཙཱ་བྱེད་སྐབས་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ནུས་པ་བླ་ལྷག་ཐོན་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་དོ། །
ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།