ཀོས་ནན་རྫོང་གིས་སྤྱི་སྐད་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2024-07-08 23:11:11 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན། བོད་བརྒྱུད་ནང་བསྟན་གྱི་མི་སྣས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་བ། རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དང་རིག་གནས་གཅིག་ལྕོགས་ཤེས་པའི་ཕུལ་བྱུང་གྲྭ་པ་གསོ་སྐྱོང་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། ཉེ་ཆར། ཀོས་ནན་རྫོང་གིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་སྦྱོང་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་བྱས།
       ཐེངས་འདིའི་གཏམ་བཤད་འགྲན་བསྡུར་ལ་དགོན་སྡེ་དམངས་དོན་ཨུ་ལྷན་གྱིས་འོས་སྦྱོར་དང་ཤང་གྲོང་དགོན་སྡེ་དོ་དམ་གཞུང་དོན་ཁང་གིས་འགྲན་བསྡུར་ནང་ཞུགས་པའི་གཏམ་བཤད་ཐོབ་ཐང་ལ་ཞིབ་བཤེར་བྱས་ཤིང་། ཀོས་ནན་རྫོང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་དགོན་སྡོད་ལས་བྱེད་པ། བོད་བརྒྱུད་ནང་བསྟན་དགོན་སྡེ16དང་གཏན་འཇགས་གནས་ཡུལ4ཡི་གྲྭ་བཙུན་འཐུས་མི་ཁྱོན80ལྷག་ཙམ་གཏམ་བཤད་བྱེད་སྒོར་ཞུགས།
       བོད་བརྒྱུད་ནང་བསྟན་དགོན་སྡེ9ནས་ཡོང་བའི་ཕུལ་བྱུང་གྲྭ་བཙུན་གྱིས་བྱེད་སྒོའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན། དུས་རབས་གསར་པའི་ཚད་གཞི་བཞི་དང་མཐུན་པའི་ཕུལ་བྱུང་གྲྭ་བཙུན་དུ་འགྱུར་རྒྱུ་སོགས་བྱ་གཞིར་དམིགས་ནས་གཏམ་བཤད་བྱས། འགྲན་བསྡུར་ནང་ཞུགས་མཁན་གྲྭ་བཙུན་ཚོའི་གཏམ་བཤད་གྱི་ནང་དོན་ཕུན་སུམ་ཚོགས་ལ་བརྩེ་སེམས་ཟོལ་མེད་ངང་འགྲན་སྡུར་ལ་ཞུགས་པས། བྱེད་སྒོའི་ཡུལ་དངོས་སྤྲོ་སེམས་ཀྱིས་ཁེངས་ཤིང་། རང་སྐྱོང་ཁུལ་གྱི་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་ཧུར་བརྩོན་ཡར་ཐོན་གྱི་སྙིང་སྟོབས་དང་རྒྱལ་ཁབ་ཐུན་མོང་གིས་སྤྱོད་པའི་སྐད་ཡིག་གི་ཆུ་ཚད་ལེགས་པོ་མངོན་ཡོད།
       གཏམ་བཤད་འགྲན་བསྡུར་བྱས་པ་བརྒྱུད། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣའི་ངོས་འཛིན་གཅིག་མཐུན་ལྔ་དང་རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་ལས་ཇེ་ཆེར་ཕྱིན་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་སྤྲོ་སེམས་འཕེལ་བ་མ་ཟད། ཁོང་ཚོར་རང་ཉིད་འགྲེམས་སྟོན་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།