མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་ཡོངས་སུ་མཇུག་བསྒྲིལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས། དུས་ཚོད།:2024-07-04 09:24:00 ཀློག་གྲངས།:
       མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དེ་ཟླ7པའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དངོས་སུ་མགོ་བརྩམས།
འགྲན་སྡུར་གྱི་ཡུལ་དངོས།
       མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་དེ་ད་ལོའི་ཟླ་ལྔ་བའི་ཟླ་སྨད་ནས་མགོ་བརྩམས་ཤིང་གྲ་སྒྲིག་གང་ལེགས་བགྱིས་རྗེས། ཁུལ་དང་གྲོང་ཁྱེར་དྲུག་གི་འགྲན་ཁུལ་ནས་འགྲན་ཞུགས་པ་ཉིས་བརྒྱ་ལྷག་ཟླ་གཅིག་ལྷག་གི་རིང་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད། འགྲན་ཞུགས་པ་དྲུག་ཅུ་བསྐྱར་འགྲན་འཕར་མར་ཚུད་ཅིང་། དེ་ནས་བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ་སུམ་ཅུས་འགྲན་སྡུར་བྱས་མཐར་འགྲན་ཞུགས་པ་བཅུ་གཉིས་རྟིང་རྩོད་རིམ་པར་ཚུད་ཅིང་། དེ་ནས་རྣམ་པར་རྒྱལ་བའི་འགྲན་ཞུགས་པ་དྲུག་མུ་མཐུད་དུ་མཇུག་མཐའི་རྟིང་རྩོད་དུ་ཚུད། མཇུག་མཐའི་རྟིང་རྩོད་ཁྲོད་གླུ་བ་ཕུར་བ་རྒྱལ་དང་གླུ་མ་ལྷ་ཐར་མཚོ་གཉིས་གཞན་དག་ལས་རྩེར་སོན་བྱུང་སྟེ་ཨང་དང་པོ་ཐོབ་ཅིང་། གླུ་བ་དོན་དབང་དང་བསོད་ནམས་རྒྱལ། གླུ་མ་ལྕགས་རིས་མཚོ་དང་ལྷ་སྐྱིད་རྒྱལ་བཅས་ལ་ཨང་གཉིས་པ་ཐོབ།
མདོ་འཛིན་པ།
       ལ་གཞས་ནི་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུ་ཡིན་ལ། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་གཞག་རིག་གནས་ཟིན་ཐོ་སྐོར་དང་པོར་བདམས་ཐོན་བྱུང་ཞིང་། སྲོལ་རྒྱུན་གྱི་རོལ་མོ་འདི་ཉིད་དབྱངས་ཀྱི་འགྱུར་ཁུགས་ཕྱུག་ཅིང་རྣ་བར་སྙན་ལ། ཚིག་གི་ནང་དོན་མཛེས་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པའི་དམངས་གཞས་རྨད་དུ་བྱུང་བ་ཞིག་ཡིན།
དཔྱད་འདེམས་པ།
       སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་ནི་ས་གནས་སོ་སོའི་འགྲན་ཞུགས་པ་རྣམས་ཕན་ཚུན་ལ་སློབ་སྦྱོང་བརྗེ་རེས་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་པར་མ་ཟད། གཞུང་ཕྱོགས་སྨྱན་བྱད་ཀྱི་ངོས་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གསུང་བཤད་གནང་བའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་མཐར་ཕྱིན་བྱེད་པ་དང་། གསར་འགྱུར་ཁྱབ་སྒྲོག་དང་སྨྱན་བྱད་འདྲེས་སྦྱོར། ལེ་ཚན་གསར་གཏོད། རིག་གནས་གསར་སྐྲུན་སོགས་ཀྱི་ཐད་ལ་སྣེ་ཁྲིད་བྱས་ཏེ། དྲིལ་སྒྲོག་ལ་སྔར་བས་ཤུགས་ཆེན་བརྒྱབ་ནས་ཏང་གི་གསུང་དབྱངས་ཁྱབ་སྤེལ་དང་། ཀྲུང་གོའི་བོད་འབྲེལ་གཏམ་རྒྱུད་ལེགས་པོར་བརྗོད་པ། བོད་རིགས་མང་ཚོགས་ལ་ཞབས་ཞུ་ལེགས་པོར་བསྒྲུབ་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་པར་སྟོབས་ཤུགས་གང་ནུས་འདོན་བཞིན་ཡོད།
འགྲན་སྡུར་བྱེད་བཞིན་པ།
       སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བའི་རིག་གནས་བརྗེ་རེས་དང་འགྲན་སྡུར་གྱི་རྣམ་པ་འདི་བརྒྱུད། ང་ཚོ་ནམ་ཡང་བློ་མཐུན་ཞི་ཅིང་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་གསུང་བཤད། མཆན་བཀོད་དགོངས་པ་མཐའ་དག་ལག་བསྟར་མཐར་འཁྱོལ་བྱས་ནས། སེམས་ཤུགས་ཡོད་ཚད་བྱ་བར་ཕྱོགས་པ་དང་སྟོབས་ཤུགས་ཅི་ནུས་ཀྱིས་བྱ་བ་ལེགས་པོར་བསྒྲུབ་པ། རང་འགན་ཕྲག་ཏུ་བླངས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཧྲག་ཤུགས་ཐམས་ཅད་གཅིག་ཏུ་བསྡོས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བར་བྱས་རྗེས་གསར་བ་འཇོག་པར་སྟོབས་ཤུགས་གང་ཡོད་འབུལ་དགོས།
       མཇུག་མཐའི་རྟིང་རྩོད་མཇུག་སྒྲིལ་རྗེས་བྱ་དགའ་སྩོལ་བའི་བྱེད་སྒོ་སྤེལ་ཞིང་། བྱ་དགའ་སྩོལ་བའི་བྱེད་སྒོའི་སྟེང་གླུ་བ་གྲགས་ཅན་འཕགས་པ་སྐྱབས་དང་། གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མ་དང་གཡང་མོ་སྒྲོལ་མ། ད་དུང་སྒྲ་སྙན་སྒྱུ་རྩལ་པ་སོགས་ཞུགས་ནས་སྙན་མོ་གླུ་ཡི་མཆོད་པ་ཕུལ་ཏེ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས།
ལྟད་མོ་བའི་ཚོགས།
ཨང་དང་པོ་ཐོབ་མཁན། ཕུར་བ་རྒྱལ་དང་ལྷ་ཐར་མཚོ།
ཨང་གཉིས་པ་ཐོབ་མཁན། དོན་དབང་། ལྕགས་རིས་མཚོ། བསོད་ནམས་རྒྱལ། ལྷ་སྐྱིད་རྒྱལ།
ཨང་གསུམ་པ་ཐོབ་མཁན། ཚེ་དཔལ་སྐྱབས། ལྕགས་ཐར་འབུམ། བློ་གྲོས། འབྲུག་མོ་ཡག གནམ་མཚོ། གདུགས་དཀར་སྐྱིད།
ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་གླུ་བ་གླུ་མ་དག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།