༄༅། །འཛམ་གླིང་ཅི་ནི་སིའི་ཟིན་ཐོའི་དཔང་ཡིག་ཐོབ་པའི་ཡིག་ཐང་རིང་མོ་མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་དུ་ཉར་ཚགས་གནང་བའི་མཛད་སྒོ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:བོད་ཡིག་ཡིག་གཟུགས་སྒྱུ་རྩལ། དུས་ཚོད།:2022-07-13 10:51:18 ཀློག་གྲངས།:
        ༄༅། །བོད་ཀྱི་བྲིས་པ་རིག་སྨོན་བསམ་གཏན་རྒྱ་མཚོ་མཆོག་གིས་འབྲི་བཞེངས་གནང་བའི་ཡིག་ཐང་རིང་མོ་མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་དུ་ཡིག་ཐང་རིང་མོ་ཉར་ཚགས་གནང་བའི་མཛད་སྒོ་སྤེལ།
མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་དབུ་ཁྲིད།
        དེ་རིང་སྔ་དྲོར་མཚོ་སྔོན་ཟི་ལིང་ནས་བོད་ཀྱི་བྲིས་པ་རིག་སྨོན་བསམ་གཏན་རྒྱ་མཚོ་མཆོག་གིས་མི་ལོ་གསུམ་ལྷག་ལ་འབྲི་བཞེངས་གནང་བའི་འཛམ་གླིང་ཅི་ནི་སིའི་ཟིན་ཐོའི་དཔང་ཡིག་ཐོབ་པའི་ཡིག་ཐང་རིང་མོརིང་ཚད་ལ་རྨིད༣༡༥དང་ཞེང་ལ་རྨིད༡.༣ཅནམཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་དུ་གཏན་དུ་ཉར་ཚགས་བྱེད་པའི་མཛད་སྒོ་སྤེལ། མཛད་སྒོའི་སྟེང་ལ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཀྲིག་ཚོན་ཡོན། མཚོ་སྔོན་ཞིང་ཆེན་རིག་དངོས་རྟེན་མཛོད་གླིང་གི་གླིང་གཙོ་ཨེ་ཚོགས་ཆེན། ཨ་རི་བོད་སྨན་མཐུན་གཉེར་ཁང་གི་འགོ་གཙོ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གླིང་གཙོ་ཀླུ་བྱམས་རྒྱལ། ཨ་རི་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིའི་འགོ་གཙོ་ཀུན་ཇོན་སོགས་ཕེབས་ནས་རིན་ཐང་ལྡན་པའི་གཏམ་བཤད་ཕུན་སུམ་ཚོགས་པ་གནང་བར་མ་ཟད། ཡིག་གཟུགས་མི་འདྲ་བ་བཅུ་ལྷག་གིས་གྲུབ་པའི་ཡིག་ཐང་རིང་མོ་ལ་གཟིགས་ཞིབ་གནང་ནས་གདེངས་འཇོག་ཚད་མཐོན་པོ་གནང་བའོ། །
ཡིག་ཐང་རིང་མོ།
བྲིས་པ་རིག་སྨོན་བསམ་གཏན་རྒྱ་མཚོ་མཆོག་གིས་བྲིས་པའི་ཡིག་གཟུགས།
 
ཡུལ་དངོས་སུ་གཟིགས་ཞིབ་གནང་བཞིན་པ།
ཡུལ་དངོས་སུ་གཟིགས་ཞིབ་གནང་བཞིན་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།