བོད་ལྗོངས་ཀྱི་ལུས་རྩལ་པ་རིན་ཆེན་ལྷུན་གྲུབ་ཀྱིས་ཨང་དང་པོ་བླངས།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2024-07-15 08:52:22 ཀློག་གྲངས།:
       ཟླ7པའི་ཚེས1ཉིན། བོད་ལྗོངས་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་རིན་ཆེན་ལྷུན་གྲུབ་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལས་སྨི3000གི་རྟ་རྒྱུག་འགྲན་སྡུར་རྣམ་གྲངས་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ་དང་བཀྲ་ཤིས་ཕུན་ཚོགས་ཀྱིས་བྱ་དགའ་ཨང་གཉིས་པ་བླངས་འདུག
       ཟླ7པའི་ཚེས10ཉིན། བོད་ལྗོངས་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་བསྟན་འཛིན་ཉི་མ་དང་བསྟན་འཛིན་བློ་ལྡན་གཉིས་ཀྱིས་རྟ་རྒྱུག་མདའ་འཕེན་གྱི་རྣམ་གྲངས་ལས་བྱ་དགའ་ཨང་གཉིས་པ་བླངས་འདུག དེ་མིན་བསྟན་འཛིན་ཉི་མ་དང་བསྟན་འཛིན་བློ་ལྡན། བསྟན་འཛིན་བློ་གྲོས་སོགས་མི་གསུམ་གྱིས་རྟ་རྒྱུག་མདའ་འཕེན་གྱི་རྣམ་གྲངས་ལས་ཚོགས་པའི་བྱ་དགའ་ཨང་གཉིས་པ་བླངས་འདུག ད་དུང་རིན་ཆེན་ལྷུན་གྲུབ་ཀྱིས་མི་རིགས་རྟ་རྒྱུག་འགྲན་སྡུར་གྱི་སྨི1000གི་རྟ་རྒྱུག་འགྲན་སྡུར་རྣམ་གྲངས་ལས་བྱ་དགའ་ཨང་གཉིས་པ་བླངས་ཤིང་། བཀྲ་ཤིས་ཕུན་ཚོགས་དང་ལུའུ་ཅང་ཧྥུང་གཉིས་ཀྱིས་མི་རིགས་རྟ་རྒྱུག་འགྲན་སྡུར་གྱི་སྨི1000གི་རྟ་རྒྱུག་འགྲན་སྡུར་རྣམ་གྲངས་ལས་བྱ་དགའ་ཨང་གསུམ་པ་རེ་བླངས་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།