ཞིན་ཧེ་རྫོང་གི2024ལོའི་ཡུལ་སྐོར་རིག་གནས་དུས་སྟོན་སྤེལ་མགོ་བརྩམས་པ།

རྩོམ་པ་པོ།:གསང་བདག་རྒྱལ་སོགས། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-07-25 14:25:08 ཀློག་གྲངས།:
       2024ལོའི་ཟླ7པའི་ཚེས25ཉིན། ཞིན་ཧེ་རྫོང་གིས“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། མཆོག་གཙང་མཚོ་ལྷོ། སྐྱེ་ཁམས་བྲག་དཀར”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཡུལ་སྐོར་རིག་གནས་དུས་སྟོན་སྤེལ་བའི་མགོ་རྩོམ་མཛད་སྒོ་ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་བྱང་རྒྱུད་རྩྭ་ཐང་དུ་སྤེལ་མགོ་བརྩམས།
       རྒྱུས་ལོན་པ་ལྟར་ན། བྱེད་སྒོ་འདིའི་དམིགས་ཡུལ་ནི། ཞིན་ཧེ་རྫོང་གི་མི་རིགས་སོ་སོའི་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་རྨད་བྱུང་གྲུབ་འབྲས་མངོན་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིན་ཧེ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་པར་གྲུབ་པ། རྫོང་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་ཕྱིན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་མགྱོགས་མྱུར་ངང་གོང་དུ་འཕེལ་བ། མཁར་ཤང་གི་རྨང་གཞི་སྒྲིག་ཆས་བསྟུད་མར་འཐུས་ཚང་དུ་ཕྱིན་པ། དམངས་འཚོའི་ཕན་བདེ་གོང་འཕེལ་ཆེན་པོ་བྱུང་བ། རྫོང་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སློབ་གསོ་སོགས་དམངས་འཚོའི་བྱ་གཞག་ཁག་དར་རྒྱས་ཆེན་པོ་བྱུང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་མངོན་སུམ་གྱིས་གོང་དུ་འཕེལ་ཡོད།
       རྒྱུས་ལོན་པ་ལྟར་ན། རྫོང་འདིའི་ཁོངས་སུ། བྲག་དཀར་སྤྲེལ་རྫོང་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དང་། གཡུ་ལུང་དམངས་སྲོལ་རིག་གནས་ཡུལ་སྐོར་ལྗོངས་ཁུལ། ཐང་བོད་གནའ་ལམ་གྱི་བརྒྱུད་ལམ་ལྗོངས་ཁུལ། ཐུབ་བསྟན་དར་རྒྱས་དམངས་སྲོལ་རིག་གནས་ཡུལ་སྐོར་ལྗོངས་ཁུལ་སོགས་ཡོད་ལ། ལྷག་པར་དུ་རྫོང་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོག་ཤིང་ལྟ་བུའི་གནས་ཤིག་ཏུ་གྱུར་ཡོད་པས། རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་ཆེས་རྨད་དུ་བྱུང་བ་དང་། སྐྱེ་ཁམས་ཡུལ་སྐོར་ཤུགས་ཆེན་པོས་སྤེལ་བར་དགེ་མཚན་བླ་ན་མེད་པ་མཆིས། དེ་མིན། མི་རིགས་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་རྫོང་མཐུག་པས། རིག་གནས་ཡུལ་སྐོར་རྒྱ་ཆེར་སྤེལ་བར་ཡང་བག་ནུས་ཆེན་པོ་ལྡན།
       ཐེངས་འདིའི་ཡུལ་སྐོར་རིག་གནས་དུས་སྟོན་སྐབས་སུ། མི་རིགས་གྱོན་གོས་ཤོམ་འགྲོ་དང་གླུ་གཞས་རོལ་ཚོགས། ལུས་རྩལ་འགྲན་སྡུར། མེ་ཕུང་སྐོར་བྲོ་སོགས་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།