འཁྱག་སྒམ། འཇིག་རྟེན་བསིལ་མོ་ཞིག་གི་སྒོ་མོ་ཕྱེ་བ།
རྩོམ་པ་པོ།:སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-04-08 09:32:06
ཀློག་གྲངས།:
འཁྱག་སྒམ་གསར་སྐྲུན་བྱས་པ་དེས་འགྲོ་བ་མི་ལ་བསིལ་ཞིང་མ་རྙིང་བའི་ཟས་རིགས་ཟ་རྒྱུ་ཡོད་པར་བྱས། 1923ལོར། སི་ཝེས་དན་གྱི་བཟོ་བཀོད་པ་ཕུའུ་ལ་ཐིང་དང་མོན་ཏི་སི་རྣམ་གཉིས་ཀྱིས་འཛམ་གླིང་སྟེང་གློག་གི་འཁྱག་སྒམ་ཨང་དང་པོ་བཟོ་སྐྲུན་བྱས་པས། དུས་དེ་ནས་བཟུང་སྟེ་གློག་གི་འཁྱག་སྒམ་དེ་སྐྱེ་བོ་ཀུན་གྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུས་རྟག་ཏུ་སྤྱོད་པའི“ཁྱིམ་གློག་འདུག་རོགས”ཤིག་ཏུ་གྱུར་ཏོ། །

1934ལོར་ཨ་རིའི་ཐུང་ཡུང་སྤྱི་གཉེར་ཁང་གིས་ཞིབ་འཇུག་བཟོ་སྐྲུན་བགྱིས་པའི་ཚགས་སྡོམ་འཕྲུལ་ཅན་གྱི་འཁྱག་སྒམ་ཨང་དང་པོ།
མི་ལོ་སྟོང་ཕྲག་གི་རིང་ལ། འགྲོ་བ་མིས་ཐོག་མཐའ་བར་གསུམ་དུ་ཚ་བ་ཆེ་བའི་དུས་སུ་རང་ཉིད་དང་ཟས་རིགས་བསིལ་མོ་ཡོང་བར་ཚོད་ལྟའི་སྦྱོར་བ་གང་མང་བརྩམས། དཔེར་ན་སྤྱི་ལོའི་ཡར་སྔོན་གྱི1000ལོའི་སྐབས་སུ། ཀྲུང་གོ་པས་དགུན་དུས་ཀྱི་དར(འཁྱགས་པ)ས་དོང་ནང་དུ་ཉར་ཚགས་བྱས་ཏེ་དབྱར་ཁའི་དུས་སུ་བཀོལ་སྤྱོད་བྱེད་རྒྱུ་ཤེས་འདུག ཡིན་ན་ཡང1834ལོར་དགུང་ལོ68ལ་སོན་པའི་ཨ་རིའི་གསར་གཏོད་མཁན་པོ་ཡ་ཀི་པུའུ·པོ་ཅིན་སིས་ཚགས་སྡོམ་འཕྲུལ་ཆས(压缩机)གསར་གཏོད་བྱས་པའི་ཆེད་ཕན་རེ་ཞུ་བྱས་རྗེས། མི་རྣམས་ཀྱིས་ད་གཟོད་མིས་བཟོས་དར་ཇི་ལྟར་བཟོ་དགོས་པ་ཤེས་པ་རེད། ཚགས་སྡོམ་འཕྲུལ་ཆས་དེ་རིགས་འུ་ཅག་གིས་དེང་སང་བཀོལ་སྤྱོད་བྱེད་བཞིན་པའི་གློག་གི་འཁྱག་སྒམ་གྱི་རྩ་བའི་རིགས་པ་དང་གཅིག་མཚུངས་ཡིན་ཏེ། ཚགས་སྡོམ་བགྱིས་པ་ལས་རྒྱུན་གཟུགས་ཤིག་རླངས་པར་བསྒྱུར་ཏེ་འཁྱག་བཟོའི་ཕན་འབྲས་ལོན་པ་ཡིན་ལ། དེ་ནས་ཡང་བསྐྱར་དེ་འཁྱགས་སུ་བཅུག་ནས་འཁེང་པ་བཟོས་པ་ཡིན། མི་གཅིག་ས་ནི་སྐབས་ཐོག་དེར་པོ་ཅིན་སིས་བཀོལ་སྤྱོད་བྱས་པའི་རྒྱུ་ཆས་ནི་སྨཱི་ཁ་པ(乙醚)ཡིན་པ་དང་། ང་ཚོས་དེང་སང་བཀོལ་སྤྱོད་བྱེད་པ་ནི་ཨན(氨)དང་ཧྥུལ་ལི་ཨང(氟利昂)ལ་སོགས་པ་ཡིན།
ཁྱོད་ཀྱིས་ཨེ་ཤེས། འཁྱག་སྒམ་ནི་དང་ཐོག“དར་གྱི་སྒྲོམ་བུ”ཐབས་ཆག་ཅིག་ཡིན་པས། ཟས་རིགས་ཁ་ཁར་འཇོག་སའི་འཁྱགས་རིམ་མེད་སྟབས་ཤ་ལ་སོགས་པའི་ཟས་རིགས་ཉར་ཚགས་བྱས་ན་མདོག་ལོག་སླ། དེའི་རྐྱེན་གྱིས་དེ་ནས་འཕྲུལ་ཆས་ཅན་གྱི་འཁྱག་སྒམ་གསར་སྤེལ་བྱེད་མཁན་བྱུང་། དེ་ནས་དུས་རབས20པའི་དུས་མགོར་སླེབས་པ་ན། མིང་ལ་ཝེ་ལི་སི·ཁའེ་ལི་ཟེར་བའི་ཨ་རིའི་བཟོ་བཀོད་པ་ཞིག་གིས་གྲོང་ཁྱེར་ཉིག་ཡོག་གི་ཡུལ་པུའུ་ལུའུ་ཁི་ལིན་གྱི་པར་ཁང་ཞིག་ལ“དྲོད་སྙོམ་འཕྲུལ་ཆས”ཤིག་ཇུས་འགོད་བྱས་ཡོད་པ་དེས། དྲོད་ཚད་མར་འབབ་ཏུ་འཇུག་ཐུབ་པར་མ་ཟད། དྲོད་ཚད་ལ་ཚོད་འཛིན་ཡང་བྱེད་ཐུབ་པ་རེད། དེའི་རྗེས་སུ་ཁོང་འཕྲུལ་ཆས་དེ་ཚོང་ཁང་ཆེན་མོ་དང་གློག་བརྙན་ཟློས་གར་ཁང་སོ་སོ་ནས་མཐོང་ཐུབ།

དུས་རབས20པའི་ལོ་རབས80པར། གློག་གི་འཁྱག་སྒམ་ཀྲུང་གོའི་སྐམ་ས་ཆེན་པོའི་ཁྱིམ་ཚང་དཀྱུས་མས་བཀོལ་མགོ་ཚུགས་ལ། དུས་ད་ལྟ་ཀྲུང་གོ་ནི་འཛམ་གླིང་ཡོངས་སུ་འཁྱག་སྒམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཆེན་པོར་གྱུར་ཡོད།
ཁའེ་ལིའི་འཕྲུལ་ཆས་ལ་མི་རྣམས་ཀྱིས་བླ་ལྷག་ཏུ་བསྒྱུར་བཀོད་བྱས་ཤིང་། ཕལ་ཆེར་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ། བོངས་ལྷག་པར་ཆུང་བའི་ཁྱིམ་སྤྱོད་འཁྱག་སྒམ་འགའ་རེ་བྱུང་མོད། འོན་ཀྱང་གསར་གཏོད་དེ་རིགས་ལ་འུར་སྒྲ་ཆེ་ཞིང་གཤེར་ཁུ་ཟགས་སླ། དོན་དམ་དུ་དེ་ནི་སྔོན་ཆད་ཀྱི“དར་གྱི་སྒྲོམ་བུ”ཡི་ཕྱི་སྐོགས་ཀྱི་ཁོག་ཏུ་གློག་སྒུལ་འཕྲུལ་འཁོར་སྐོར་སྤྱད་ཀྱི་ཀོ་ཐག་ཅིག་སྒྲིག་སྦྱོར་བྱས་པ་ཁོ་ན་ཙམ་ཡིན་པས། ཕྱིའི་བཟོ་ལྟ་ལ་བལྟས་ན་དེ་ནི་ཚོད་ལྟའི་ཐོན་རྫས་ཤིག་ལོས་ཡིན་སྙམ།
1923ལོར། སི་ཝེས་དན་གྱི་བཟོ་བཀོད་པ་ཕུའུ་ལ་ཐིང་དང་མོན་ཏི་སི་རྣམ་གཉིས་ཀྱིས་འཛམ་གླིང་སྟེང་གི་གློག་གི་འཁྱག་སྒམ་ཨང་དང་པོ་བཟོ་སྐྲུན་བྱས་ཤིང་། དེ་ནི་གློག་སྒུལ་འཕྲུལ་ཆས་ཀྱིས་བསྐོར་ནས་ཚགས་སྡོམ་འཕྲུལ་ཆས་འཁོར་དུ་བཅུག་པ་ཡིན། བགྲང་བྱ་གཉིས་ཀྱི་རྗེས་སུ། ཨ་རིའི་སྤྱི་གཉེར་ཁང་ཞིག་གིས་དེའི་ལག་རྩལ་ཆེད་ཕན་གཙང་ཉོ་བྱས་ཏེ་གློག་གི་འཁྱག་སྒམ་འབོར་ཆེན་ཐོན་སྐྱེད་བྱེད་མགོ་བརྩམས་པ་རེད།

རང་རེའི་རྒྱལ་ཁབ་ཏུ་གནའ་དུས་ནས་འཁྱག་སྒམ་ཡོད་མྱོང་། དུས་སྔ་ཤོས་ཀྱི་འཁྱག་སྒམ—འཁྱགས་པའི་མེ་ལོང་ཞེས་པ་དེའི་ཁུངས་དེད་ན་གནའ་བོའི་ཀྲན་གོའི་དུས་རབས་སུ་གཏུག་དགོས།
དེ་ཡང་གློག་གི་འཁྱག་སྒམ་དང་པོ་བུད་པ་ནས་ད་ལྟ“ཡུལ་ཕྱོགས་ཀུན་ཏུ་མེ་ཏོག་བཞད་པ”ལྟ་བུའི་བརྒྱུད་རིམ་ཁྲོད་དུ། གློག་གི་འཁྱག་སྒམ་རང་ཉིད་ཀྱི་སྟེང་དུ་ཡང“གསར་བརྗེ”ཆེན་པོ་བྱུང་བ་ནི་འདི་ལྟ་སྟེ། དུས་སྔ་མའི་སྐབས་ཀྱི་གློག་གི་འཁྱག་སྒམ་གྱི་ནང་དུ་གློག་སྒུལ་གྱི་ཚགས་སྡོམ་འཕྲུལ་དང་ཟས་རིགས་འཇོག་སའི་སྒམ་ནི་ཁ་ཁར་བཞག་ཡོད་ཅིང་ཕྱིས་སུ་དེ་གཉིས་ཀ་གཞི་གཅིག་ཅན་དུ་བསྒྱུར་ཡོད། གཞན་ད་རུང་གློག་གི་འཁྱག་སྒམ་ནང་དུ་དང་ཐོག་བཀོལ་སྤྱོད་བྱས་པའི་འཁྱག་གཏོང་གཤེར་ཁུ་ནི་དུག་ལྡན་དངོས་རྫས་ཡིན་པ་དཔེར་ན་ཨན(氨)དང་མུ་ཟིའི་སྐྱུར(硫酸)ཡིན་ལ། ཕྱིས་སུ་རིམ་པ་བཞིན་དུ་ཅུང་ཟད་བདེ་འཇགས་ཡིན་པའི་ཧྥུལ་ལི་ཨང་དུ་བསྒྱུར་བ་རེད།དུས་ད་ལྟ། ཚན་རིག་པ་ཚོས་འཁྱག་སྒམ་ལ་རྒྱུན་ཆད་མེད་པར་ལག་རྩལ་གསར་བཅོས་བྱས་ནས། འཁྱེར་བདེ་བའི་འཁྱག་སྒམ་ཆུང་ཆུང་ཐོན་སྐྱེད་བྱས་ཤིང་བྱེད་མུས་སུ་མཆིས། གཞན་ཡང་ཧྥུལ་ལི་ཨང་རླུང་ཁམས་ཆེན་པོའི་བང་རིམ་དུ་ཐུལ་ན་དྲི་ངན་དབྱང་རིམ་ཇེ་ཉུང་དུ་གཏོང་བའི་རྐྱེན་གྱིས། སྒྲ་རླབས་ཀྱིས་འཁྱག་པ་བཟོ་བ་སོགས་ཀྱི་ལག་རྩལ་གསར་པ་གསར་སྤེལ་བྱས་ཏེ་ནུས་ཁུངས་གྲོན་ཆུང་བྱས། མིག་སྔར་ཚོང་རར་ཚོང་ཤིན་ཏུ་བྲིན་པའི“བདེ་ཐང་གི་འཁྱག་སྒམ” གྱི་དམིགས་ཚད་གཅིག་ནི་ཟས་རིགས་མི་རྙིང་བར་བྱེད་ཐུབ་པ་དེ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།