མི་ཐབས་རིག་ནུས་འདིས་སྐད་རིགས200ཙམ་ཡིག་སྒྱུར་བྱེད་ཐུབ་ཀྱི་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-06-13 09:32:59 ཀློག་གྲངས།:
       མིའི་རིགས་ལ་བེད་སྤྱོད་མཁན་མང་པོ་མེད་པ་དང་འབྲེལ་ཡོད་དཔྱད་ཡིག་ཉུང་བའི"སྐད་རིགས་ཆུང་གྲས"ཚུད་པའི་སྐད་རིགས་མི་འདྲ་བ7000ལས་བརྒལ་བ་ཡོད། ཨ་རིའི་"ཡོན་"ཀུང་སིས་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཤིག་གིས་སྐད་རིགས་མི་འདྲ་བ200ལྷག་ཡིག་སྒྱུར་བྱེད་ཐུབ་པ་དང་། སྐད་རིགས་ཆུང་གྲས་མི་ཉུང་བ་ཞིག་དྲ་ཐོག་ནས་ཡིག་སྒྱུར་ཐུབ་ཀྱི་ཡོད།
       མི་ཐབས་རིག་ནུས་ཀྱི་ཡིག་སྒྱུར་ཡོ་བྱད་ཀྱིས་མིག་སྔར་མི་ཐབས་དབང་རྩའི་དྲ་རྒྱའི་དཔེ་དབྱིབས་ལ་བརྟེན་ནས་སྐད་རིགས་སྣ་ཚོགས་ཡིག་སྒྱུར་བྱེད་བཞིན་ཡོད། དཔེ་དབྱིབས་འདི་དག་ལ་རྒྱུན་དུ་དྲ་ཐོག་ནས་ཐོབ་པའི་སྦྱོང་བརྡར་གཞི་གྲངས་འབོར་ཆེན་དགོས་མོད། འོན་ཀྱང་དམིགས་བསལ་གྱི་སྐད་རིགས་ཁ་ཤས་ཀྱི་གཞི་གྲངས་ད་དུང་སྤྱི་བསྒྲགས་བྱས་མེད་པའམ་ཡང་ན་མ་གནས་དམའ་པོའི་ཐོག་ནས་ཐོབ་པའམ་ཡོངས་ཁྱབ་ཐོག་རག་སླ་བའི་སྐད་རིགས་འདི་རིགས་ལ“ཐོན་ཁུངས་ཉུང་བའི་སྐད་རིགས”ཀྱང་ཟེར།
       “ཡོན”ཀུང་སིའི་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་སྐད་རིགས་ལས་བརྒལ་བའི་ལག་རྩལ་ཞིག་གིས་མི་ཐབས་དབང་རྩའི་ཡིག་སྒྱུར་དཔེ་དབྱིབས་ལ་བརྟེན་ནས་སྔར་ཡོད་ཀྱི་ཡིག་སྒྱུར་ཐོན་ཁུངས་མང་བའི་སྐད་བརྡའི་ནུས་པ་བེད་སྤྱད་དེ་ཐོན་ཁུངས་ཉུང་བའི་སྐད་བརྡ་ཇི་ལྟར་བྱས་ནས་ཡིག་སྒྱུར་བྱེད་པར་སློབ་སྦྱོང་བྱེད་བཞིན་ཡོད། ཚོགས་པས་ལག་རྩལ་འདི་སྤྱད་དེ་མིང་ལNLLB-200ཟེར་བའི་དྲ་ཐོག་གི་སྐད་རིགས་མང་བའི་ཡིག་སྒྱུར་ཡོ་བྱད་ཅིག་གསར་སྤེལ་བྱས་པ་དང་། འདིའི་ནང་སྐད་རིགས200ཤོང་ཐུབ། གང་དེས་ཡིག་སྒྱུར་ཐུབ་པའི་ཐོན་ཁུངས་ཉུང་བའི་སྐད་བརྡའི་གྲངས་འབོར་ནི་ཐོན་ཁུངས་མང་བའི་སྐད་བརྡའི་གྲངས་འབོར་གྱི་ལྡབ་གསུམ་ཟིན་ཞིང་། ཉེ་ཆར་ཞིབ་འཇུག་གི་གྲུབ་འབྲས་འདི་དབྱིན་ཇིའི་རང་བྱུང་དུས་དེབ་ཅེས་པའི་ཐོག་བཀོད་ཡོད།
       ཞིབ་འཇུག་རུ་ཁག་གིས་ཐོན་ཁུངས་ཉུང་བའི་སྐད་རིགས་མང་པོའི་ཁྲོད་མ་དཔེ1000ནས2000ཙམ་མ་གཏོགས་ལེན་མི་ཐུབ། NLLB-200ཡི་སྦྱོང་བརྡར་གཞི་གྲངས་ཀྱི་ཚད་གཞི་རྒྱ་བསྐྱེད་ཆེད། ཁོ་ཚོས་སྐད་རིགས་དབྱེ་འབྱེད་མ་ལག་ཞིག་བེད་སྤྱད་ནས་དམིགས་བསལ་གྱི་སྐད་རིགས་འདི་དག་གི་དངོས་དཔེ་མང་པོ་འཚོལ་ཞིབ་བྱས་ཡོད། ཚོགས་པས་ད་དུང་མཉམ་འབྲེལ་དྲ་རྒྱས་ཉར་བའི་ཡིག་ཚགས་ཁྲོད་སྐད་རིགས་འདི་དག་དང་དབྱིན་ཡིག་བར་གྱི་སྐད་གཉིས་ཡིག་ཆ་མང་པོ་སྔོག་འདོན་བྱས་ཏེ། དཔེ་དབྱིབས་ཡིག་སྒྱུར་གྱི་སྤུས་ཚད་མཐོར་འདེགས་བཏང་དང་གཏོང་མུས་ཡིན་པ་རེད།
       ཞིབ་འཇུག་པས། ཡིག་སྒྱུར་ཡོ་བྱད་འདིས་ཐོན་ཁུངས་ཉུང་བའི་སྐད་རིགས་བཀོལ་སྤྱོད་བྱེད་མཁན་ལ་མཉམ་འབྲེལ་དྲ་རྒྱ་སོགས་ཀྱི་ལག་རྩལ་བཀོལ་སྤྱོད་བྱེད་པར་རོགས་རམ་ཐུབ་པ་མ་ཟད། དཔེ་དབྱིབས་འདི་ད་དུང་སློབ་གསོའི་ཐད་སྤྱོད་ཆོག་པ་དང་། མི་ཚོགས་འདི་རིགས་ལ་སྔར་ལས་མང་བའི་དཔེ་ཆ་དང་དཔྱད་རྩོམ་གྱི་རྒྱུ་ཆ་མཁོ་འདོན་བྱེད་ཐུབ་མོད། ཡོ་བྱད་འདིས་ཡིག་སྒྱུར་བྱེད་ནོར་ཤོར་བའི་གནས་ཚུལ་ཡང་སྔར་བཞིན་ཐོན་སྲིད་ཅེས་བརྗོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།