ངོས་དང་པོ > སློབ་གསོ། > སློབ་གསོའི་རིགས་གཞུང་། > «བརྩེ་བའི་སློབ་གསོ»ཡི་དཔེ་ཀློག་ཟིན་བྲིས་དང་མྱོང་ཚོར་ཕྲན་བུ།
«བརྩེ་བའི་སློབ་གསོ»ཡི་དཔེ་ཀློག་ཟིན་བྲིས་དང་མྱོང་ཚོར་ཕྲན་བུ།
རྩོམ་པ་པོ།:ཏུག་ཏུག་དཀར་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-21 08:09:34
ཀློག་གྲངས།:
དྭངས་གཙང་གི་བརྩེ་སེམས་ཀྱིས་མི་ཚེའི་རིན་ཐང་འཚོལ་བ།
«བརྩེ་བའི་སློབ་གསོ»ཡི་དཔེ་ཀློག་ཟིན་བྲིས་དང་མྱོང་ཚོར་ཕྲན་བུ།
གཅིག དཔེ་དེབ་ངོ་སྤྲོད།
༡ དཔེ་ཆའི་མིང་། «བརྩེ་བའི་སློབ་གསོ»
༢ རྩོམ་པ་པོ། དྷེ་ཨ་མི་ཆི་སིས་བརྩམས། སྟག་འབུམ་རྒྱལ་གྱིས་བསྒྱུར།
༣ ཡིག་གྲངས། ཁྲི༤༠
༤ དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༥ ཀློག་ཡུན། སྤྱི་ལོ༢༠༢༢ལོའི་ཟླ༡༢པའི་ཚེས༢༦ཉིན་ཀློག་མགོ་བརྩམས་ཤིང་སྤྱི་ལོ༢༠༢༤ལོའི་ཟླ༡༢པའི་ཚེས༩ཉིན་ལ་ཐེངས་གཉིས་བཀླགས་གྲུབ།
༦ རྩོམ་པ་པོ་ངོ་སྤྲོད། དྷེ་ཨ་མི་ཆི་སི་ནི་དབྱི་ཐ་ལིའི་མི་རིགས་བསྐྱར་དར་ལས་འགུལ་དུས་ཀྱི་རྒྱལ་གཅེས་མི་སྣ་དང་། གྲགས་ཅན་རྩོམ་པ་པོ་ཡིན། ཁོང་སྤྱི་ལོ༡༨༤༦ལོའི་ཟླ༡༠ཚེས༣༡ཇིན་དབྱི་ཐ་ལིའི་ལི་ཀུ་ལི་ཡ་ས་ཁུལ་གྱི་མཚོ་འགྲམ་གྲོང་ཁྱེར་ཞིག་ཏུ་འཁྲུངས། སྤྱི་ལོ༡༩༠༨ལོའི་ཟླ༣པའི་ཚེས༡༡ཉིན་སྐུ་གཤེགས། སྤྱི་ལོ༡༨༨༨ལོར་ཁོང་གི་བྲིན་ཁ་རྒྱུགས་ཤོག་ཀྱི་རྩོམ་དེབ«བརྩེ་བའི་སློབ་གསོ»སྒྱུར་ཚུལ་གཞན་ལ་སེམས་ཞེས་པ་དེ་བྲིས་སྣང་མཛད། དེབ་འདི་ནི་འཛམ་གླིང་གསུང་རབས་གྲགས་ཅན་དང་སློབ་གསོ་པུའུ་ཡི་འོས་སྦྱོར་ཀློག་དེབ་ཏུ་གྲགས།
༧ བསྒྱུར་མཁན་ངོ་སྤྲོད། སྟག་འབུམ་རྒྱལ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་ཚིག་བརྒྱ་ལྷག་སྤེལ་ཞིང་། དེའི་ཁྲོད་དུ་སྒྲུང་གཏམ་ཁ་ཤས་སློབ་གྲྭ་ཆེ་འབྲིང་ཁག་གི་བསླབ་དེབ་ཏུ་བདམས་ཡོད་ལ། བརྩམས་ཆོས་སྐོར་ཞིག་རྒྱ་ཡིག་དང་དབྱིན་ཇི། འཇར་མན། ཧྥ་རན་སི། ཧི་ལན། འཇར་པན་སོགས་ཀྱི་ཡིག་རིགས་སུ་བསྒྱུར་ཡོད། འཐུས་ཚབ་བརྩམས་ཆོས་ལ་སྒྲུང་རིང«ལྷིང་འཇགས་ཀྱི་རྩྭ་ཐང»དང«རྒུད» སྒྲུང་འབྲིང་ཕྱོགས་བསྒྲིགས«ཁ་བ་མེད་པའི་དགུན་ཁ»དང«སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས» སྒྲུང་ཐུང་ཧྲག་བསྒྲིགས«མི་རབས་གསུམ་གྱི་རྨི་ལམ»དང«བགྲས་པོ་དང་ནོར་ཁྱུ» རྒྱ་འགྱུར་མའི་སྒྲུང་གཏམ་ཕྱོགས་བསྒྲིགས«མི་ཚེའི་གླུ་དབྱངས»དང«སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས» ཉི་ཧོང་སྐད་སུ་བསྒྱུར་བའི་སྒྲུང་གཏམ་ཕྱོགས་བསྒྲིགས«ཧཱ་པ་གསོས་པའི་ཟིན་བྲིས»སོགས་ཡོད།
༨ ནང་དོན་མདོར་བསྡུས། དཔེ་ཆ་འདིའི་ནང་ཉིན་ཐོའི་འབྲི་ཐབས་བཀོལ་ནས་ལོ་རིམ་གསུམ་པའི་སློབ་ཆུང་སློབ་མ་ཨེན་རི་ཁོ་ཡི་འཚོ་བ་དང་ཉེ་འཁོར་གྱི་མི་དང་བྱ་བ། དངོས་པོ་སོགས་ཟིན་ཐོར་བཀོད་ཡོད། འདིའི་ནང་གཉེན་ཉེའི་བརྩེ་སེམས་དང་། དགེ་སློབ་ཀྱི་བརྩེ་སེམས། གྲོགས་པོའི་མཛའ་བརྩེ། སྤྱི་ཚོགས་ལ་བཅངས་པའི་གདུང་སེམས་བཅས་ཟབ་མོ་བྲིས་ཡོད་པ་དང་། ད་དུང་ལོ་ཆུང་བྱིས་པའི་རྒྱལ་གཅེས་ཀྱི་བསམ་པ་དང་། མི་སྣ་གཙོ་བོ་ཨེན་རི་ཁོ་བརྩེ་བའི་ཁོར་ཡུག་ཁྲོད་དུ་རིམ་བཞིན་འཚར་ལོངས་བྱུང་བའི་བརྒྱུད་རིམ་བྲིས་ཡོད།
གཉིས། བཀླགས་རྗེས་ཀྱི་མྱོང་ཚོར།
རྩོམ་རིག་གི་ལྟ་ཚུལ། བརྩེ་བའི་སློབ་གསོ་ཞེས་པའི་དཔེ་ཆ་འདི་ནི་བྱིས་པའི་རྩོམ་རིག་གི་མིག་དཔེ་དང་ཕུན་སུམ་ཚོགས་པའི་བརྩེ་དུང་གིས་ཕྱུག་པ། དུས་རབས་བཅུ་དགུ་པའི་དུས་མཇུག་གི་དབྱི་ཐ་ལིའི་སྤྱི་ཚོགས་ཀྱི་སློབ་གསོའི་འདུ་ཤེས་དང་ཁྱིམ་ཚང་གི་རིན་ཐང་ལྟ་བ་མངོན་པར་བྱས་ཡོད། དཔེ་ཆ་འདི་ནི་བྱིས་པའི་རྩོམ་རིག་གི་མིག་དཔེ་ཡིན་པ་མ་ཟད། དར་མའི་ཀློག་པ་པོས་སློབ་གསོ་དང་བརྩེ་དུང་གི་རིན་ཐང་ལ་བསམ་ཞིབ་བྱེད་པའི་རྩ་ཆེའི་དེབ་ཅིག་ཀྱང་ཡིན་པར་སྙམ།
༡ དཔེ་དོན་ཇི་བཞིན་བརྗོད་པའི་ཐབས་དང་གྲུབ་ཚུལ།
རྩོམ་རིག་གི་ཕྱོགས་ནས་བལྟས་ན། «བརྩེ་བའི་སློབ་གསོ»ཞེས་པའི་དེབ་ནང་དོན་བརྗོད་ཀྱི་ཐབས་དང་གྲུབ་ཚུལ་ནི་དེབ་འདི་ལེགས་འགྲུབ་བྱུང་བའི་འགག་རྩ་ཡིན་པར་སྙམ། རྩོམ་པ་པོ་དྷེ་ཨ་མི་ཆི་སིས་ཉིན་ཐོའི་གཟུགས་སུ་བཀོད་པའི་རྣམ་པས། མིང་དང་པོ་བ་སྤྱོད་དེ་མི་སྣ་གཙོ་བོ་ཨེན་རི་ཁོ་ཡི་སེམས་ཀྱི་དགའ་སྡུག་མཚོན་པའི་གཏམ་རྒྱུད་དེ་མཐོང་ཐུབ་པར་བྱས། དཔེ་ཆའི་ནང་གི་ལེའུ་རེ་རེ་ནི་སྒེར་ཚུགས་ཀྱི་གཏམ་རྒྱུད་ཅིག་ཡིན་མོད། འོན་ཀྱང་ཕན་ཚུན་འབྲེལ་བ་ཡོད་པས། སྤྱི་ཚོགས་ཀྱི་ངོས་ཆ་ཚང་ཞིག་གྲུབ་པ་རེད།
༢ མི་སྣ་བཞེངས་སྐྲུན་དང་བརྩེ་དུང་མཚོན་པ།
དཔེ་ཆའི་ནང་གི་མི་སྣའི་གཟུགས་བརྙན་མངོན་གསལ་ཡིན་པས། བརྩེ་དུང་ཟོལ་མེད་ཡིན་པ། ཨན་རི་ཁོ། ཁཱ་ལུང་། ཏེ་ལོ་ཞི་སོགས་མི་སྣའི་གཤིས་ཀའི་ཁྱད་ཆོས་དང་འཚར་ལོངས་ཀྱི་བརྒྱུད་རིམ་ཚང་མ་ཞིབ་ཅིང་ཕྲ་བའི་སྒོ་ནས་བྲིས་ཡོད། ཀློག་པ་པོས་ཁོང་ཚོར་ཐུན་མོང་གི་ངོས་འཛིན་བྱེད་ཐུབ། རྩོམ་པ་པོས་མི་སྣ་འདི་དག་བཞེངས་སྐྲུན་བྱས་པར་བརྒྱུད་ནས་མིའི་རིགས་ཀྱི་བརྩེ་དུང་དང་། མཛའ་བརྩེ། བརྩི་འཇོག་དང་འགན་འཁྲི་ལ་གོ་བ་གཏིང་ཟབ་བླངས་པ་དང་མི་སྣ་འདི་དག་གི་བརྩེ་དུང་མཚོན་ཡོད་པ་མ་ཟད། སྐབས་དེའི་སྤྱི་ཚོགས་ཀྱི་བརྩེ་བའི་སློབ་གསོའི་ཚུར་སྣང་ཡང་ཡིན།
༣ བརྗོད་བྱའི་བསམ་བློ་དང་རྩོམ་རིག་གི་རིན་ཐང་།
བརྩེ་བའི་སློབ་གསོ་ཞེས་པའི་བརྗོད་བྱའི་བསམ་བློ་ནི་བརྩེ་སེམས་དང་སློབ་གསོ་ཡིན་པ་མ་ཟད། དཔེ་ཆའི་ནང་དུ་མི་སེམས་འགུལ་བའི་གཏམ་རྒྱུད་རབ་དང་རིམ་པ་བརྒྱུད་ནས་བརྩེ་དུང་གི་སྟོབས་ཤུགས་དང་སློབ་གསོའི་གལ་ཆེའི་རང་བཞིན་ཡང་མངོན་པ་རེད། དེས་ང་ཚོར་སློབ་གསོ་ནི་ཤེས་བྱའི་སློབ་ཁྲིད་ཙམ་མིན་པར། བརྩེ་དུང་དང་ཀུན་སྤྱོད་ཀྱི་གསོ་སྐྱོང་ཡིན། དཔེ་ཆ་འདིའི་རིན་ཐང་ནི་དུས་ཚོད་དང་བར་སྟོང་ལས་བརྒལ་ཐུབ་པ་དང་། རིག་གནས་རྒྱབ་ལྗོངས་མི་འདྲ་བའི་འོག་གི་ཀློག་པ་པོའི་བསམ་པར་ཕོག་ཐུག་གཏོང་ཐུབ་པའི་དྲན་སྐུལ་བྱས།
༤ སྐད་ཆའི་ཉམས་འགྱུར་དང་བརྩེ་དུང་གཅིག་མཐུན་ཡིན་པ།
དྷེ་ཨ་མི་ཆི་སིའི་སྐད་ཆའི་ཉམས་འགྱུར་ནི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པ་མ་ཟད། ཁོས་དྲང་བདེན་གྱི་སྐད་ཆའི་ཐོག་ནས་བརྩེ་དུང་དང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་བྲིས་ཡོད། དེས་ང་ཚོར་ཅི་ལྟར་དགའ་བ་དང་། ཅི་ལྟར་མི་གཞན་ལ་དང་ལེན་དགོས་པ་དང་། དཀའ་ཁག་དང་འགྲན་སློང་གི་མདུན་དུ་སྙིང་སྟོབས་དང་རེ་བ་རྒྱུན་འཁྱོངས་བྱེད་དགོས་པའི་སློབ་སྟོན་གནང་ཡོད་པ་མཐོང་།
མདོར་ན། བརྩེ་བའི་སློབ་གསོ་ཞེས་པ་ནི་ཡང་ཡང་ཀློག་རིན་ཡོད་པ་དང་བསམ་གཞིགས་ཟབ་པོ་བྱེད་རིན་ཡོད་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན། དེས་ཐུན་མོང་མ་ཡིན་པའི་དོན་བརྗོད་ཀྱི་ཐབས་རྩལ་དང་། མི་སྣའི་གཟུགས་བརྙན་གསོན་པོ། བརྗོད་བྱའི་བསམ་བློ། མི་སེམས་འགུལ་བའི་སྐད་ཆའི་ཉམས་འགྱུར་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པར་སྙམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།