«ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ»འི་མྱོང་བྱང་།
རྩོམ་པ་པོ།:བསོད་ནམས་སྟོབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-15 08:35:09
ཀློག་གྲངས།:
ངག་ཐོག་སློབ་གསོའི་ཟུར་ངོས་ཤིག
——«ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ»འི་མྱོང་བྱང་།
བསོད་ནམས་སྟོབས།
ཟླ་ཁ་ཤས་ཀྱི་སྔོན་ལ་དགེ་རྒན་སྟོན་པས་དཔེ་སྦྱིན་གྱི་མཐུན་རྐྱེན་འོག ཏུན་ཧོང་ཡིག་རྙིང་གི་ཕུ་ནུ་མདོ་ཡི་དཔེ་ཁྲིད་ལ་ཚར་གཅིག་ཉན་པའི་གོ་སྐབས་བྱུང་། གཙོ་ཆེ་བ་ཡིག་རྙིང་འདི་ཐོག་མའི་དཔེ་ཁྲིད་ཀྱི་དུས་སུ་བྱིས་པའི་སློབ་གསོ་དང་འབྲེལ་ཆེ་ཞེས་ཡང་ཡང་གསུངས་པས། བོད་གནའ་བོའི་ས་སྐྱེས་རྡོ་སྐྱེས་ཀྱི་བྱིས་པའི་སློབ་གསོའི་གཞུང་ལུགས་དང་། མི་ལོ་སྟོང་ཕྲག་གོང་གི་བོད་མི་སེར་གྱི་ངག་ཐོག་རིག་གནས་ནི་ག་འདྲ་ཡིན་ནམ་སྙམ་ནས་ཨུ་ཚུགས་ཀྱིས་མགོ་ནས་མཇུག་བར་མཉན་ཞིང་། བར་སྐབས་སུ་ཅི་ནུས་ཀྱིས་ཟིན་བྲིས་དང་བསམ་གཞིག་གི་ངལ་བ་དང་དུ་བླངས།
ཁ་དཔེ་ཞིག་ལ“ལོ་ལོན་ངག་ན་འོད་ཟེར་ཡོད”ཅེེས་པ་ལྟར། གུས་པའི་བསམ་ཚུལ་ཞིག་ཏུ། ད་སྐབས་འཚོ་བཞེས་ཀྱི་བགྲེས་སོང་དག་ཀྱང་ངག་ཐོག་རིག་གནས་སྣ་ཚོགས་ཀྱི་གཏེར་ཁ་རེ་རེ་ཡིན་འོས་ལ། ལྷག་དོན་ཡིག་རྙིང་འདིའི་མདོ་ཚིག་ཀློག་པའི་སྐབས་སུའང་རིག་གནས་དཔལ་ཡོན་གྱིས་གཏམས་པའི་བགྲེས་སོང་བའི་གཏམ་གྱི་བདུད་རྩི་ལ་རོལ་བ་དང་འདྲ་བས། ཕལ་བའི་བགྲེས་སོང་ཚོ་ཡང་རང་ག་བ་ཞིག་མ་ཡིན་པའི་རིན་ཐང་དོད་ཙམ་རྟོགས།
རེ་འགས་ཁོང་ཅག་ལ“ཡིག་རྨོངས་པ”དང“གནའ་མི་གླེན་པ”ཞེས་ཅི་ཡང་མི་ཤེས་ཤིང་མི་རྟོགས་པས་ཐ་ན་མི་གྲལ་དུ་མི་བརྩི་བའི་ཚད་དུ་ཡོད། དུས་དང་རྐྱེན་གྱིས་ཤོག་ངོས་ཀྱི་ཡི་གེ་དག་ཤར་ཤར་དུ་ཀློག་ཐུབ་པའི་གློག་འདོན་འཕྲུལ་ཆས་ལྟ་བུ་ཞིག་མ་ཡིན་པ་བདེན་མོད། ཁོང་ཚོའི་འཇིག་རྟེན་གྱི་བྱ་གཞག་དང་སྤྱི་ཚོགས་ཀྱི་ལམ་ལུགས། ཀུན་སྤྱོད་ཀྱི་སློབ་གསོ། ཆེ་བ་རྒྱལ་ཐབས་ནས་ཆུང་བ་ཁྱིམ་སྲིད་བར་གྱི་བྱ་བ་མཐའ་དག་ངག་ནས་ངག་བརྒྱུད་པའི་དྲང་བོའི་ལམ་ལུགས་དང་མཐའ་རུ་མ་ལྷུང་བའི་འོས་འཚམ་གྱི་རྩ་དོན་དག་ནི། ད་ལྟའི་དཔེ་ངོས་ཀྱི་ཤེས་ཡོན་པ་དང་ཆེད་ལས་པ་ཡིན་ཟེར་མཁན་ཚོ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་མཛངས་ཤིང་མཁས་ཤས་ཆེ་སྙམ།
གཞན་ཡིག་རྙིང་ཁྲོད་གོ་དགོས་ཤེས་དགོས་ཀྱི་གནད་ཀ་ཡང་མང་སྟེ། དཔེར་ན། སྤྱི་ཚོགས་ཀྱི་འབྲེལ་འདྲེས་དང་ཕ་མར་སྲི་ཞུ། གྲོགས་དང་འགྲོག་ལུགས། ཁྱིམ་སྲིད་སྐྱོང་ལུགས་སོགས་མདོར་ན་མི་ཆོས་བྱ་བའི་ལག་ལེན་གྱི་གཞུང་ལུགས་ཤིག་ཏུ་བཤད་པས་ད་ལྟའི་སློབ་གསོའི་མཁའ་དབུགས་སུ་དེ་ལྟའི་ཁ་ཚ་དགོས་གཏུག་གི་རྒྱུན་ཤེས་རིག་གནས་ནི་ལྟོས་བཅས་ཀྱིས་ཉུང་བར་འདོད་མོད་ཀྱི། “ཡོན་པོ་ཕྱུག་པོ་ལ་ནི་བསྟོད་ཆིང་བཚུན་བར་བརྩིའོ། །དྲང་པོ་དབུལ་་་་་་་ནི། །འཕྱའ་ཞིང་སྨོད་དོ། །རྐུན་པོ་གཆམ་བུ་ལ་ནི་དགའ། སྤྲང་པོ་ཕོངས་པ་ལ་ནི་གཤེའོ། །”ཞེས་དང་། “ཕྱུག་པོ་དང་དབང་ཆེན་པོས་བྱ་བ་ནི་སླ། །དབུལ་པོ་དང་དབང་ཆུང་ངུས་བྱ་བ་ནི་དཀའ་བ་འདྲ་ན། །དེ་ལྟར་ལགས་སམ་མ་ལགས། །”ཞེས་པ་ལྟར། སྤྱི་ཚོགས་ཀྱི་ཆེ་རིམ་ཆུང་རིམ་མཐའ་དག་དུས་རབས་ཀྱི་འགྱུར་བག་ཁྲོད་ནོར་དད་ཀྱི་སྒེར་ཕན་རྐྱང་རྐྱང་ལས་ཅི་ལ་ཡང་བག་མི་ཚ་ཞིང་ཁྲེལ་མེད་པ། འཁྱོག་པོ་མི་བརྟན་པའི་ཡུས་མེད་མདོ་མེད་དུ་ཆགས་བཞིན་པའི་དུས་འདིར། བཤད་བཤད་སྟོང་བ་དང་། བཙོས་བཙོས་རློན་པའི་དཔེ་རུ་ཡང་འགྱུར་སྲིད་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།