"ཟོ་ཐང་རྟགས་མའི"འགྲིམ་འགྲུལ་བདེ་འཇགས་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་བའི་བརྡ་སྦྱོར།    

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2025-04-27 08:37:13 ཀློག་གྲངས།:
       ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགྲིམ་འགྲུལ་བདེ་འཇགས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ།ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ཞབས་ཞུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཟོ་ཐང་ཟས་རིགས་དོ་དམ་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་བྱས་པའི“ཟོ་ཐང”རྟགས་མའི་རྒྱལ་ཡོངས་བོད་ཀྱི་ལྷུག་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་འཆར་ཡོད་པས་ནང་དོན་དང་ཆ་རྐྱེན་གཤམ་གསལ་ལྟར།
       གཅིག ད་ལོ་ནི“བརྒྱད་ལྔའི”ཁྲིམས་ལུགས་དྲིལ་སྒྲོག་གི་མཇུག་མཐའི་ལོ་ཡིན་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་དང་། བདེ་འཇགས་ཡར་སྐུལ་ཐད་ནུས་པ་འདོན་པ། འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པར་མཐུན་རྐྱེན་སྐྲུན་པར་དམིགས་ཏེ། ཐེངས་འདིའི་ལྷུག་རྩོམ་གྱི་བརྗོད་བྱ་ནི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཡིན་དགོས།
       གཉིས། འགྲན་ཞུགས་བརྩམས་ཆོས་དག་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་དགོས་པ་དང་། བརྗོད་བྱ་འབུར་དུ་ཐོན་ཞིང་། རྗོད་བྱེད་གནད་དུ་ཟིན་པ། ཚིག་སྦྱོར་བབ་ཆགས་ཤིང་། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ། འཚོ་བའི་མྱོང་པ་ཟབ་མོ་དང་བསྟུན་ཏེ། དངོས་ཡོད་གཏམ་རྒྱུད་གཞིར་བཟུང་ནས་འབྲི་དགོས་ལ་ཡིག་འབྲུ800ལས་བརྒལ་མི་ཆོག
       གསུམ། འགྲན་སྡུར་གྱི་ཁ་གཏད་ཡུལ། སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་རྩོམ་རིག་ལ་མོས་པ་ཡོད་པའི་རྩོམ་པ་པོ།
       བཞི། བྱེད་སྒོ་སྤེལ་བའི་དུས་ཚོད། 2025ལོའི་སྤྱི་ཟླ4པའི་ཚེས18ཉིན་ནས་བཟུང་། 2025ལོའི་ཟླ11པའི་ཚེས10ཉིན་གྱི་སྔོན་དུ་བརྩམས་ཆོས་འབྱོར་དགོས།
       ལྔ། བྱ་དགའི་རྣམ་གྲངས། ཨང་དང་པོ་གཅིག བྱ་དགའ་ལ་གཟི་བརྗིད་དཔང་ཡིག་དང་སྒོར5000ཡིན། ཨང་གཉིས་པ་གཉིས། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་རེ་དང་སྒོར3000རེ་ཡིན། ཨང་གསུམ་པ་གསུམ། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་རེ་དང་སྒོར2000རེ་ཡིན། ཕུལ་བྱུང་བརྩམས་ཆོས་བཅུ་ཡོད། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་རེ་ཡོད།
       དྲུག ཐོག་མའི་བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་དག་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི«འགྲུལ་བཞུད་ལམ་སྟོན»གྱི་གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་མོའི་ལེ་ཚན་དུ་གྱེར་ཀློག་བྱེད་པ་དང་། ངེད་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་སྟེགས་སྟེང་དུའང་དགོད་རྒྱུ་ཡིན།
       བདུན། བརྩམས་ཆོས་སྐུར་ཡུལ།  གཏན་འཁེལ་གྱི་ཡིག་ཟམ་ནང་དུ་རྩོམ་ཡིག་སྐུར་དགོས། jtaq2025@163.comབརྩམས་ཆོས་ཀྱི་མཇུག་ཏུ་རུས་མིང་དང་། འབྲེལ་གཏུག་ཨང་གྲངས། ལས་ཁུངས་སོགས་ཀྱི་མིང་གསལ་བོར་འགོད་དགོས།
       འབྲེལ་གཏུག་བྱེད་ཡུལ། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893
       སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 18797366383
       ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766

མཚོ་སྔོན་བོད་སྐད་རླུང་འཕྲིན་ནས།
2025ལོའི་ཟླ4པའི་ཚེས18ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།