བོད་ཡིག་ཡིག་གཟུགས་ཀྱི་འགྲན་བསྡུར་ཆེན་མོ་ཞིག་སྤེལ་རྩིས་འདུག
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-04-07 09:42:41
ཀློག་གྲངས།:
སྤྱི་ཟླ་བཞི་པར་ཁྲིན་ཏུའུ་གྲོང་ཁྱེར་ནས་སྐབས་གཉིས་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་རེད།

འགྲན་བསྡུར་དེ་ནི་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཆེད་མཁས་དང་བོད་ཡིག་ཡིག་གཟུགས་ལ་དགའ་མོས་བྱེད་མཁན་ལ་ཕྱོགས་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཀྱི་ཡིད་ཆེས་དང་རིག་གནས་ཀྱི་གདེང་ཚོད་མཐོ་རུ་གཏོང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ། གསར་བཏོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་སུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གྱི་ནུས་པ་ཐོན་ཞིང་། སྔར་ལས་མང་བའི་བོད་ཀྱི་ས་གནས་ཁག་ཏུ་སྲོལ་རྒྱུན་རིག་གནས་དང་བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན།

དེ་ཡང་། བརྩམས་ཆོས་བསྡུ་བའི་དུས་ཡུན་ནི་སྤྱི་ཟླ་བཞི་བའི་ཟླ་དཀྱིལ་བར་ཡིན་པ་དང་། དཔྱད་འདེམས་དུས་ཡུན་ཟླ4པའི་ཚེས16ཉིན་ནས20ཉིན་གྱི་བར། ཟླ4པའི་ཚེས30ཉིན་མཇུག་འབྲས་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་འགྲེམས་སྟོནཆེན་མོའི་བྱ་འགུལ་ཞིག་སྤེལ་རྩིས་འདུག
འགྲེམ་སྟོན་བྱེད་པའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས5ཉིན་བར་ཡིན་ལ། བརྩམས་ཆོས་སྐུར་ཡིག་ནི་འོག་གི་པདྨ་གསེར་བྲིས་གླིང་གི་འདར་དབྱངས་ཚད་གཉིས་བཤེར་རིས་དང་སྐད་འཕྲིན་འབྲེལ་གནས་ནས་འབྲེལ་བ་བྱེད་ཆོག་པ་དང་འབྲེལ་གཏུག་བྱེད་སའི་ཁ་པར་ཨང་གྲངས་ནི་15808368591ཡིན།
འགྲེམ་སྟོན་བྱེད་པའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས5ཉིན་བར་ཡིན་ལ། བརྩམས་ཆོས་སྐུར་ཡིག་ནི་འོག་གི་པདྨ་གསེར་བྲིས་གླིང་གི་འདར་དབྱངས་ཚད་གཉིས་བཤེར་རིས་དང་སྐད་འཕྲིན་འབྲེལ་གནས་ནས་འབྲེལ་བ་བྱེད་ཆོག་པ་དང་འབྲེལ་གཏུག་བྱེད་སའི་ཁ་པར་ཨང་གྲངས་ནི་15808368591ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།