བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པ་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།: ཡོང་ཁུངས།:ཉིན་རེའི་གངས་ལྗོངས། དུས་ཚོད།:2024-07-24 09:19:23 ཀློག་གྲངས།:
སྲིད་པའི་གཏམ་གྱི་དབུ་རྨོག་གི་ཁྲ་རྒྱན།
ཁྲོམ་ཆེན་ཟིལ་གནོན་སྨྲ་ལྕེ་ཡི་གློག་ཞགས།
       ཉན་མཁན་ལྟ་མཁན་གྲོགས་པོ་རྣམ་པ། སྲིད་པའི་གངས་དང་གཙང་བོ་ལས་འཁྲུངས་པའི་བོད་ཀྱི་གཏམ་དཔེ་ཞེས་པ་ནི། ཁ་བ་ཅན་གྱི་ངག་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་ལས་བདེན་དགེ་མཛེས་གསུམ་གྱིས་རབ་ཏུ་ཕྱུག་པའི་དམངས་ཁྲོད་ཤུལ་བཞག་རིག་གནས་ཁྱད་མཚར་ཞིག་ཡིན་པར་མ་ཟད། གྲལ་འཛིན་སྐྱེས་བུ་དག་གིས་སྨྲ་བརྗོད་རྩལ་དུ་སྤྲུགས་པའི་གཏམ་གྱི་རུ་མ་འདི་ནི། སྙན་དག་གསལ་གསུམ་གྱིས་མངོན་པར་བརྒྱན་པའི་སྐད་ཆའི་སྒྱུ་རྩལ་གྱི་མེ་ཏོག་ལྟ་བུ་ཞིག་ཡིན་པ་བསྙོན་དུ་མེད།
       སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་བསུ་བ་བྱེད་པ་དང་། ཐོག་མཐའ་ཀུན་པོར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ཁྲིམས་ལུགས་ཤེས་བྱ་བརྒྱུད་སྒྲོག་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ་བཅས་བྱ་འགུལ་གྱི་དཀྱིལ་སྙིང་དུ་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དམངས་ཁྲོད་རིག་གནས་གཏེར་བུམ་གྱི་རྒྱན་དུ་འཕྱང་བའི་མེས་པོའི་རིག་གནས་འདི་ཉིད་གྲ་མ་ཆག་གྲུ་མི་ཉམས་པར་རྒྱུན་འཛིན་དང་གོང་སྤེལ་དུ་གཏོང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་གྱིས་སྒྲུབ་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པ་ད་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་དཀྱིལ་དུ་རྩེ་གཞུང་སྨན་ལྗོངས་ཕྱུག་མོ། སྲིད་པའི་གཏམ་གྱི་ཕ་ས་ནས་གཟབ་རྒྱས་ངང་བསྒྲུབ་འཆར་ཡོད།
       ཐེངས་འདིའི་འགྲན་ཞུགས་མི་སྣ་གདན་འདྲེན་གྱི་ཁྱབ་ཁོངས་ལ་སྔར་བཞིན་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་བསྡོམས་པས་བོད་འབྲེལ་ས་ཁུལ་གྱི་ཁུལ་དྲུག་འདུ་ཞིང་། ཁུལ་སོ་སོའི་འབྲེལ་ཡོད་རིག་གནས་ལས་ཁུངས་ཀྱིས་རང་ས་གནས་ཀྱི་འཐུས་ཚབ་གཏམ་བཤད་པ་བཅུ་གསུམ་རེ་བདམས་ཐོན་འོས་སྦྱོར་བྱས་ཏེ་བསྡོམས་པས་འགྲན་ཞུགས་པ་དོན་བརྒྱད་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པའི་བསྐྱར་འགྲན་དང་བསྐྱར་འགྲན་འཕར་མ། རྟིང་རྩོད་འགྲན་སྡུར། མཇུག་མཐའི་རྟིང་རྩོད་འགྲན་སྡུར་བཅས་འགྲན་རིམ་ཁག་སོ་སོ་ལ་ཞུགས་ནས་རྟིང་མའི་རྒྱལ་ཁ་ལ་བརྩོན་ལེན་བྱ་དགོས། དེ་མིན་ད་རེའི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་བའི་སྟེང་སྐྱེས་མ་གཏམ་བཤད་པར་ཆེད་དམིགས་ཀྱིས་གཏམ་བཤད་འགྲན་སྡུར་མ་ཡིན་པར་འཁྲབ་སྟོན་ཁོ་ནའི་ས་མིག་ཅིག་ཀྱང་འཆར་བཀོད་བྱས་ཏེ་རྣམ་པ་གསར་སྒྱུར་བྱས་ཡོད་པས། གཏམ་བཤད་ལ་མོས་ཤིང་འཇོན་པའི་རྒྱ་ཆེའི་འགྲན་ཞུགས་པ་ཚོས་སྔ་མོ་ནས་རང་ཉིད་ཡོད་སའི་རྫོང་དང་ཁུལ་རིག་གནས་ཁང་ལ་དུས་ལྟར་འབྲེལ་བ་བྱས་ཏེ་མིང་ཐོ་འགོད་པར་འཚལ། 

འབྲེལ་གཏུག་བྱ་ཡུལ།
       ཚེ་རིང་བཀྲ་ཤིས། ཁ་པར་ཨང་གྲངས། 15500748687
       དཔའ་བརྟན་རྒྱལ། ཁ་པར་ཨང་གྲངས། 15110946888

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ནས་སྤྱི་ཟླ7པའི་ཚེས23ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།