རྫོང་རུ་གནའ་རྫས་རྟོག་ཞིབ་ལས་དོན་ས་ཚིགས་ཐོག་མའི་སྒོ་བྱང་བཀལ་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2024-07-23 10:04:53 ཀློག་གྲངས།:
       ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་རྫོང་རུ་ལས་དོན་ས་ཚིགས་ཐོག་མ་དང་ཐུན་ཏེ་རྫོང་རྫོང་རུ་གནའ་ཤུལ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལས་དོན་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་ངམ་ཞིང་ཆེན་རིག་དངོས་ཅུའུ་ཡི་ཅུས་ཀྲང་ཏུང་ཧྥུའུ་ཧའེ་དང་། ཞིང་ཆེན་རྟེན་མཛོད་ཁང་གི་མགོ་གཙོའམ་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཅིན་ཞན། ཁུལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་མགོན་པོ་ཚེ་བརྟན། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་མ་ཞའོ་ཝུའེ། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་བཅས་དང་དེ་བཞིན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་། རྫོང་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཡུལ་དངོས་སུ་ཕེབས་ནས་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད།
       སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་། ཞིང་ཆེན་རྟེན་མཛོད་ཁང་གི་མགོ་གཙོའམ་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཅིན་ཞན་གྱིས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་རྫོང་རུ་ལས་དོན་ས་ཚིགས་བཙུགས་པའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས་པ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཚེ་སྐྱབས་རྒྱལ་གྱིས་ཐུན་ཏེ་རྫོང་རྫོང་རུ་གནའ་ཤུལ་གྱི་གནའ་རྫས་ཞིབ་འཇུག་ལས་དོན་ས་ཚིགས་འཛུགས་རྒྱུའི་སྐོར་གྱི་མཆན་བཀོད་སྒྲོག་འདོན་བྱས། རྫོང་སྲིད་གཞུང་དང་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་གིས་ཤིས་ཚིག་ཕུལ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་ངམ་ཞིང་ཆེན་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་ཏུང་ཧྥུའུ་ཧའེ་དང་ཞིང་ཆེན་རྟེན་མཛོད་ཁང་གི་མགོ་གཙོའམ་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཅིན་ཞན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ལས་དོན་ས་ཚིགས་དང་ཐུན་ཏེ་རྫོང་རྫོང་རུ་གནའ་ཤུལ་གནའ་རྫས་ཞིབ་འཇུག་ལས་དོན་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་བ་དངོས་སུ་ཕྱེས།
དབང་ཕྱུག་གིས་ཤིས་ཚིག་ཕུལ་སྐབས་བསྟན་དོན། ས་ཚིགས་གཉིས་བཙུགས་པ་དེ་ནི་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་ཐུན་ཏེའི་རིག་གནས་དང་སྟོབས་ལྡན་རྫོང་དུ་གཏོང་བའི་འཐབ་ཇུས་དང་རྫོང་རུ་རིག་གནས་རྒྱུན་འཛིན་སྲུང་སྐྱོང་བེད་སྤྱོད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་དངོས་སྒྲུབ་དང་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་པ་དང་ཕྱོགས་གཉིས་པོས་གནའ་ཤུལ་ཐོན་ཁུངས་སྤྱད་དེ་སྔར་ལས་ལྷག་པའི་སྒོ་ནས་གནའ་རྫས་རྟོག་ཞིབ་ལས་དོན་དང་རིག་གཞུང་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་མཉམ་ལས་གཏིང་ཟབ་བྱ་རྒྱུར་ལས་སྟེགས་བསྐྲུན་རྒྱུ་མ་ཟད།རྫོང་རུ་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཡང་འགན་ལེན་བརྟན་པོ་བྱས་ཡོད་ལ།ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་གྱི་བྱ་བའི་ས་ཚིགས་དང་པོ་ཡིན་པའི་ཆ་ནས། ཐུན་ཏེ་རྫོང་གིས་ཐེངས་འདིའི་སྒོ་བྱང་འགེལ་བའི་གོ་སྐབས་དང་བསྟུན་ནས་ཞིང་ཆེན་རིམ་པའི་ཆེད་ལས་མཁས་པ་དང་ལག་རྩལ་སྒྲིག་ཆས་སོགས་ཀྱི་བཟང་ཆའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ། ཐུན་མོང་གིས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་བྱེད་པའི་འབྲེལ་ཐག་ཇེ་དོམ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།རྣམ་གྲངས་འཛུགས་སྐྲུན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། རིག་གསར་ཐོན་རྫས་གསར་སྤེལ་སོགས་ཀྱི་ཐད་ལ་ཇུས་འགོད་ཧུར་ཐག་དང་། རྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་ཡག་པོ་བྱེད་དགོས་པ་མ་ཟད།
       རྨ་ཆུའི་སྟོད་རྒྱུད་ཀྱི་ལོ་རྒྱུས་རྩད་ཞིབ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། རིག་དངོས་སྲུང་སྐྱོང་གསར་སྤེལ་བེད་སྤྱོད་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་གཏོང་བའི་ཁྲོད་དུ། ཐུན་ཏེ་རྫོང་གི་འགན་འཁྲི་མངོན་པ་དང་ཐུན་ཏེའི་བྱས་རྗེས་མངོན་པར་བྱས་ཏེ་རིག་དངོས་སྲུང་སྐྱོང་གསར་སྤེལ་བེད་སྤྱོད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གསར་པ་དང་སླར་ཡང་རྣམ་པ་གསར་པ་བཏོད་དགོས་པ་མ་ཟད། གསར་སྤེལ་བེད་སྤྱོད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།